| e-texts navigator |
| Wylie |
26b1 ཅན་ཏུ་ཆོས་སོར་པར་བྱེང་ཅང་། ཆོས་ཀྱི་མ་ནམ་རླུང་ཟད་རྒྱམ་ཡང་མེད་པ་དང་། བསྡུ་བའི་དངོས་པ་བས་སེམས་ཅན་ཡོངས་སུ་སྲིན་པར་བྱས་པང་། སེམས་ཅན་གང་ཡང་།
26b2 རྨོངས་སུ་བཟླས་པ་མེད་པ་དང་། སངས་རྒྱས་ཀྱི་ནོང་མས་ཅད་ཡོངས་སུ་སྤངས་ཀྱང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་དག་པར་རྗེས་སུ་མི་མཐོང་བ་དང་། རྟག་པ
26b3 སངས་རྒྱས་རྣམས་རྗེས་སུ་དྲན་པར་བྱེད་ཀྱང་། གཟུགས་ཀྱི་མཚན་ཉིད་དུ་མི་ལྟ་བ་དང་། སངས་རྒྱས་ཀྱི་ཞིང་ཀུན་ཏུ་རྒྱུ་བར་བྱེད་ཀྱང་། ཆོས་ཀྱི་དབྱིངས་དང་མི་འབྲལ་བ་གང་ཡིན
26b4 པ་འདི་ནི། བྱང་ཆུབ་སེམས་དཔའི་རྩོལ་བ་མེད་པའི་ཡེ་ཤེས་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ནི། འདི་ལྟ་བུའི་ཡེ་ཤེས་དང་ལྡན་པའི་ཕྱིར། སེམས་ཅན་ཐམས་ཅད
26b5 ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱས་ཀྱང་། གང་བྱས་པ་དེ་དག་ལ་མངོན་པར་ཞེན་པ་ཡང་མེད་དོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྩོལ་བ་མེད་པའི་ཡེ་ཤེས་འདི་བསྟན་པ་ན།
26b6 སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ།། བརྒྱ་བྱིན་ལྷའི་དབང་པོ་ཡང་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་བཅས་པར་སྟེང་གི
26b7 བར་སྣང་ལས་མེ་ཏོག་མན་ད་ར་བ་དང་། སུང་བ་ལ་དང་། ཀུ་མུ་ཏ་དང་། པད་མ་དང་། པུན་ད་རི་ཀ་དང་། ཙན་དན་གྱི་ཕྱེ་མའི་ཆར་མངོན་པར་བབ་སྟེ། བཅོམ་ལྡན་འདས་ལ་མངོན
26b8 གཏོར་ཏོ།། ལྷའི་རྔ་རྣམས་ཀྱང་རང་སྒྲ་བྱུང་བར་གྱུར་ཏོ།། ངོ་མཚར་རྨད་དུ་བྱུང་བའི་སྣང་བ་ཆེན་པོས་ཀྱང་ཀུན་ཏུ་སྣང་བྱར་བྱས་ཏེ། སེམས་ཅན་གང་ལ་རེག་པར་གྱུར་པའི་དེའི་ལུས་ཀྱང་།