| e-texts navigator |
| Wylie |
24b1 ཐོགས་པ་མེད་པའི་སེམས་ལ་རབ་ཏུ་གནས་ཏེ།། ཆོས་ཐམས་ཅད་ལ་རྟག་ཏུ་མངོན་པར་ཞེན་པ་མེད་པར་བྱའོ།། ཅི་བདོག་པ་རྣམས་ཡོངས་སུ་སྤངས་ཏེ། ཚུལ་ཁྲིམ
24b2 རྣམ་པར་དག་པ་བསྒྲུབ་པར་བྱའོ།། བཟོད་པ་ལ་གནས་པར་བྱའོ།། བརྩོན་འགྲུས་ལ་བསྐྱེད་པར་བྱའོ།། བསམ་གཏན་དང་། ཏིང་ངེ་འཛིན་ལ་མཉམ་པར་བཞག
24b3 པར་བྱའོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལས་སོ་སོར་བརྟག་པར་བྱའོ།། གློག་ཐོབ་བྱང་ཆུབ་སེམས་དཔའ་གང་། ཆོས་དྲུག་པོ
24b4 འདི་དག་ཡོངས་སུ་རྫོགས་པར་གྱུར་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་བར་འགྱུར་རོ།། ཇི་ལྟར་ཡོངས་སུ
24b5 རྫོགས་པར་བྱེད་ཅེ་ན། འདི་ལྟ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་ནས། མངོན་པར་གྲུབ་པར་བྱེད་པའི་ཕྱིར་རོ།། གློག་ཐོབ་བྱང་ཆུབ་སེམས་དཔའ
24b6 རྣམས་ཆོས་ཀྱི་གཏེར་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་ཡང་དག་པ་ཇི་བ་བཞིན་དུ་རབ་ཏུ་རྟོགས་ཤིང་། བཟོད་མ་ཉེས་ནས་སྐྱེ་བ་མེད
24b7 པ་དང་། རང་བཞིན་གྱིས་རྣམ་པར་དག་པར་མཐོང་བ་གང་ཡིན་པའོ།། བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མཁས་པ་ཐོབ་པའི་ཕྱིར། སོ་སོར་ཡང་དག་པར
24b8 རིག་པ་བཞི་དང་ལྡན་པར་འགྱུར་རོ།། བཞི་གང་ཞེ་ན་འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ