e-texts navigator
Collection
Volume
Page
Wylie

23b1 ལ་མངོན་པར་ཞེན་པ་འདིའི་དབང་གིས་མ་རྟག་པ་ལ་རྟག་པར་འཛིན་པར་བྱེད་དེ།། སྡུག་བསྔལ་བ་ལ་བདེ་བར་འཛིན་པར་བྱེད། མི་སྡུག་པ་ལ་སྡུག་པ་ཉིད་དུ་འཛིན་པར་བྱེད།
23b2 བདག་མེད་པ་ལ་བདག་ཏུ་འཛིན་ཅིང་། ཕྱིན་ཅི་ལོག་བཞི་སྐྱེད་པར་བྱེད་དོ།། ཕྱིན་ཅི་ལོག་ཏུ་ལྟ་བའི་ཕྱིར། མ་རིག་པས་རྨོངས་ནས་ཡང་དག་པར་ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་།
23b3 སེམས་ཀྱིས་རྗེས་སུ་མངོན་པར་ཞེན་པར་གྱུར་པས། སྲེད་པའི་སྲིད་པ་འཆིང་བ་གཅོད་པར་མི་ནུས་ཤིང་། འཁོར་བའི་འཁོར་བར་རྒྱུན་མི་འཆད་པར་འཁོར་གྱུར་པ་ཡིན་ནོ།། མཁས
23b4 བ་དག་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ལ་ཤིན་ཏུ་ལེགས་པར་རྟོགས་པར་བྱེད་པའི་ཕྱིར། བདག་དང་། གང་ཟག་དང་། སེམས་ཅན་ཞེས་བྱ་བ་ནས་སྲོག་ཅེས་བྱ་བའི་བར་དུ་ཆུད
23b5 ཟད་ཙམ་ཡང་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ལ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། གསོད་པ་དང་། གནོད་པར་བྱེད་པ་དག་ཀྱང་མི་དམིགས་སོ་ཞེས་གས
23b6 པ་དང་། གློག་ཐོབ་དེའི་ཚེ་ཤན་པ་འཇིགས་སུ་རུང་བས་རྒྱང་ནས། དེ་བཞིན་གཤེགས་པས་ཆོས་བཤད་པའི་སྒྲ་ཐོས་ནས། གོ་བར་གྱུར་པས་དེ་མ་ཐག་ཏུ་གསོད་པའི་སེམས་ཉེ་བར་ཞི
23b7 བར་གྱུར་ནས་མཚོན་ཆ་སྤངས་ཏེ། ག་ཡང་ས་ནས་བྱུང་ནས། བཅོམ་ལྡན་འདས་དེ་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་གཏུགས་ནས། ཕྱག་བྱས
23b8 ཏེ་ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་དེང་དེ་བཞིན་གཤེགས་པའི་བསྟན་པ་ལས་རབ་ཏུ་བྱུང་ནས་ལམ




iiif viewer powered by OpenSeadragon

23a - 24a

Texts on this page

F67 - 'phags pa glog thob kyis zhus pa zhes bya ba theg pa chen po'i mdo