| e-texts navigator |
| Wylie |
22b1 པ་སྐྱེས་བུའི་ཁ་ལོ་སྦྱར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མཆོག་ཏུ་སྐྱེས་པ་ཞེས་བྱ་བ་འཇིག་རྟེན་བྱུང་ངོ་།། འཇིག་རྟེན་གྱི་ཁམས་ནི་འོད་ཟེར
22b2 ཅན་ཞེས་བྱ་སྟེ། རྒྱལ་པོའི་གྲོང་ཁྱེར་རབ་ཏུ་བདེ་ཞེས་བྱ་བའི་ཚལ་ན་བཞུགས་སོ།། དེའི་ཚེ་ན་ཤན་པ་འཇིགས་སུ་རུང་བ་ཞེས་བྱ་བ་ཁྲོ་གཏུམ་ཆེ་ཞིང་གསོད་པ་ལ་དགའ་བ། བཟོད
22b3 པ་དང་། བྱམས་པའི་སེམས་མེད་པ། ལག་པ་ཁྲག་གིས་བསྐུས་པ། མཐོང་བ་ཐམས་ཅད་སྐྲག་པར་འགྱུར་བ་ཞིག་ཡོད་དེ། དེའི་ཚེ་ཤན་པ་དེས་གླང་ཞིག་ཁང་པའི་ནང་དུ་བཅིང།
22b4 ཏེ། ནང་དུ་ཞུགས་ནས་གསད་པར་བྱས་པ་ལས། གླང་དེས་མཐོང་ནས་ཤིན་ཏུ་སྐྲག་པས་ཐག་པ་བཅད་དེ་བྲོས་ནས། དེ་བཞིན་གཤེགས་པ་མཆོག་ཏུ་བཞུགས་པའི་ཚལ་ག་ལ
22b5 བ་དེར་སོང་ངོ་།། དེའི་ཚེ་ཤན་པ་དེ་ཡང་མཚོན་ཐོགས་ནས། ཕྱི་བཞིན་དུ་བསྙགས་པས། གླང་དེ་སྐྲག་པས་གཡང་ས་ཟབ་མོ་ཞིག་ཏུ་ལྷུང་བས། སྲོག་ཆད་པ་ལ་ཐུག་པ་ཙམ་དུ།
22b6 ཞིང་སྡུག་བསྔལ་བས་སྒྲ་ཕྱུང་ངོ་།། དེའི་ཚེ་ཤན་པས་གླང་དེ་མཐོང་ནས། ཞེ་སྡང་ཆེས་སྐྱེས་ཏེ། ག་ཡང་ས་ཟབ་མོ་དེ་ཉིད་དུ་ཞགས་ནས། མཚོན་ཐོགས་ཏེ་བསད་པར་བྱས
22b7 པ་ལས། མཚོན་མ་བཏབ་པའི་བར་སྐབས་དེར། དེའི་ཚེ་དེ་བཞིན་གཤེགས་པ་མཆོག་ཏུ་སྐྱེས་པ་ཚལ་དེར་འཁོར་མང་པོ་བརྒྱ་སྟོང་ཚད་མེད་པས་ཡོངས་སུ་བསྐོར་བ་དག་ལ།
22b8 བརྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང