| e-texts navigator |
| Wylie |
22a1 ། མུག་གི་ཡོངས་སུ་གདུང་བས་བསྲེགས་པར་གྱུར་པ་དེ་དག་མཐོང་ན་ཡང་འདི་དག་ཐམས་ཅད་ནི། བདག་གི་ཉེས་པ་ཡིན་ནོ་སྙམ་དུ་སེམས་སོ།།
22a2 དེ་ཅིའི་ཕྱིར་ཞེ་ན། བདག་གིས་སེམས་ཅན་ཐམས་ཅད་ན་བའི་སྡུག་བསྔལ་དང་ལྡན་པར་གྱུར་པ་དག་མཐོང་བར་གྱུར་ན། སྨན་ཡོངས་སུ་བཙལ་ཏེ་ཐབས་མཁས་པས། ཡོངས་སུ།
22a3 གསོ་བོའི་རིགས་པ་ལས། བདག་སེམས་ཅན་གྱི་ནང་བསལ་བར་ཡིད་དམ་བཅས་ན། དེ་ཡལ་བར་བོར་བ་འདི་ཉིད་བདག་གི་ཉེས་པ་ཡིན་ནོ་སྙམ་དུ་སེམས་སོ།། བྱང་ཆུབ་སེམས
22a4 དཔའ་ནི་དེ་ལྟ་བུའི་བསམ་པ་དང་ལྡན་པས། བདག་ཉིད་ཀྱི་ཉེས་པ་ལ་ལྟ་ཞིང་། སེམས་ཅན་རྣམས་ལ་བྱམས་པའི་སེམས་བསྐྱེད་པར་བྱེད་དོ།། གལ་ཏེ་གསོད་པ་འམ།
22a5 ལུས་ཀྱི་ཡན་ལག་དང་། ཉིང་ལག་གཅོད་ཅིང་གཏུབས་པ་ཞིག་དང་ཕྲད་པར་གྱུར་ན་ཡང་། ཕ་རོལ་གནོད་པ་བྱས་པ་དེ་དག་ལ། ལན་བྱ་སྙམ་པའི་བསམ་པ་མེད་དོ།། གློག
22a6 ཐོབ་བྱང་ཆུབ་སེམས་དཔས་དེ་ལྟར་ཡང་དག་པར་སྒོམ་པ་ན། འདས་པའི་མི་དགེ་བའི་ལས་ཇི་སྙེད་པ་དག་ཀྱང་། གཏན་ཏུ་ཟད་ཅིང་མ་ལུས་པར་བྱང་བར་འགྱུར་ལ། མ་འོངས
22a7 པའི་མི་དགེ་བ་རྣམས་ནི། ཡང་ལྡང་བར་མི་འགྱུར་རོ།། གློག་ཐོབ་སྔོར་བྱུང་བ་འདས་པའི་བསྐལ་པ་ཚད་མེད་གྲངས་མེད་པ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཡང་ཆེས་སྔ
22a8 རོལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མ