| e-texts navigator |
| Wylie |
20a1 སངས་རྒྱས་བྱེ་བ་ཕྲག། བརྒྱ་བཅུ་དག་ནི་རིམ་གྲོ་བྱས།། དེའི་འོག་ཏུ་སངས་རྒྱས་པ།། དེ་ནི་ང་བདག་ཉིད་ཡིན་ནོ།། ཆོས་སྨྲས
20a2 ཉེས་པ་མེད་པ་ལ།། གནོད་པ་བྱས་པའི་དགེ་སློང་ནི།། མ་འོངས་མངོན་པར་ཚང་རྒྱ་བ།། བྱང་ཆུབ་སེམས་དཔའ་བྱམས་པ་ཡིན།། དེ་ཚེ་རྒྱལ་པོ་ཕོ་བྲང་ནང་།།
20a3 བཙུན་མོ་འཁོར་ནི་བརྒྱད་ཁྲི་རྣམས།། ཤིན་ཏུ་དང་བས་དགེ་རྩས་བསྐྱེད།། སངས་རྒྱས་ཚད་མེད་རིམ་གྲོ་བྱས།། དེ་ལྟར་སྤྱོད་པ་རབ་བསྐྱེད་ནས།། སེམས་ཅན་ཕན
20a4 བཏགས་སྨོན་ལམ་བཏབ།། སངས་རྒྱས་བྱེ་བ་སྟོང་མཆོད་ནས།། སོ་སོར་མངོན་པར་འཚང་ཡང་རྒྱ།། ངས་དེང་ཁྱེད་ལ་བསྒོ་བ་ནི།། ཐམས་ཅད་གནོད་སེམས
20a5 མ་སྐྱེད་ཅིག། གང་ཞིག་བྱམས་བསྒོམས་སངས་རྒྱས་བསྔགས། 6། དེ་ལྟ་བས་ན་གློག་ཐོབ་སེམས་ཅན་རྣམས་ཀྱི་དབང་པོ་དང་། རང་བཞིན་དང་སྙམ་པ་དག་ལ། མི
20a6 མཁས་པ་དག་གིས་དུས་ཐམས་ཅད་དུ། གནོད་སེམས་བསྐྱེད་པར་མི་བྱའོ།། གློག་ཐོབ་འདི་ལྟ་སྟེ་དཔེར་ན། རི་རྣམས་ཀྱི་ནང་ན་རི་རབ་མཆོག་ཏུ་གྱུར་པ་དེ་བཞིན་དུ།
20a7 དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་། ཡེ་ཤེས་རྣམས་ཀྱི་ནང་ན་མཆོག་དང་གཙོ་བོ་དང་། བླ་ན་མེད་པར་གྱུར་པ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། ཆུ་བོ་ཐམས་ཅད
20a8 ཀྱི་ནང་ན་རྒྱ་མཚོ་མཆོག་ཏུ་གྱུར་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་། ཡེ་ཤེས་ཀྱི་ནང་ན། མཆོག་ཏུ་ཟབ་ཅིང་རྒྱ་ཆེ་བར་གྱུར་པ་ཡིན་ནོ།། གཞན
20a9 མྱུར་དུ་བྱང་ཆུབ་ཆེན་པོ་ཐོབ།