| e-texts navigator |
| Wylie |
19b1 དཔ་པའི་ཆོས་ནི་རབ་ཏུ་བཤད།། རྒྱལ་པོས་ཐོས་ནས་དང་བ་ཐོབ།། འཁོར་ནི་བྱེ་བ་བརྒྱ་སྟོང་དང་།། རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་།། སྤངས་པའི་སྡོམ་པ།
19b2 བླངས་པས་ན།། གཞན་གྱིས་མགྲོན་གཉེར་ཡོད་མི་ལེན།། དེ་ཚེ་རྒྱལ་པོ་ཕོ་བྲང་ནས།། བཙུན་མོ་འཁོར་བཅས་བརྒྱད་ཁྲི་རྣམས།། དམ་པའི་དོན་ནི་ཐོས་པས
19b3 ན། ཕྱིར་མི་ལྡོག་ལ་གནས་པར་འགྱུར།། རྒྱལ་པོས་སངས་རྒྱས་གསུངས་པ་བཞིན།། ལོ་ནི་ཉི་ཤུ་རྩ་བཞི་ཡི་བར།། ཉིན་མཚན་རྟག་པར་སྡིག་བཤགས་ཀྱང་།།
19b4 འོན་ཀྱང་སྡིག་པའི་ལས་མ་བཟང་།། ལོ་ནི་བྱེ་མང་སྡུག་བསྔལ་མྱོང་།། སྡིག་ཟད་དེ་བཞིན་གཤེགས་དང་ཕྲད།། སྔོན་ནི་སྐྲག་པར་བྱས་པའི་རྒྱུས།། རྣམ་སྨིན
19b5 ལྷག་མ་རྟག་པར་དམན།། མཐར་གྱིས་རྣལ་འབྱོར་རབ་བསྒོམས་ཏེ།། སངས་རྒྱས་བྱེ་བ་སྟོང་མཆོད་ནས།། སོ་སོར་ཞིང་ཁམས་གཞན་དག་ཏུ།། ཐམས་ཅད
19b6 མངོན་པར་རྫོགས་སངས་རྒྱས།། ཐམས་ཅད་ཀུན་ཀྱང་མཚན་མཐུན་པས།། ཡོན་ཏན་གྲགས་པ་ཞེས་བྱར་འགྱུར།། དེ་ཚེ་རྒྱལ་པོ་རྒྱ་ཆེར་བྱིན།། དགེ་སློང་བྱམས
19b7 བཟོད་དེ་ལ་ནི།། གདུག་པའི་སེམས་ནི་བསྐྱེད་པས་ན།། ལོ་ནི་བྱེ་བ་མང་པོར་ཡང་།། སྔོན་གྱི་སྡིག་ལས་མངོན་གྱུར།། ངུ་འབོད་ཆེན་པོར་ལྟུང་བར་གྱུར།།
19b8 རྣམ་སྨིན་དེ་ནི་ཟད་ནས་ཀྱང་།། སླར་ཡང་མི་ལུས་ཐོབ་འགྱུར་ཏེ།། དེ་བཞིན་གཤེགས་པ་ཀུན་སྤྱན་ཕྲད།། རྟག་ཏུ་བསྙེན་བཀུར་རིམ་གྲོ་བྱས།། གཞན་ཡང