| e-texts navigator |
| Wylie |
286a1 ལྡན་འདས་ཀྱིས་ཐད་དུ་བཞུད་ཅིག་དང་། འཇམ་དཔལ་གཞོན་ནུར་གྱུར་པས་ཁྱོད་ཀྱི་ཡོད་པ། མ་ཡིན་པའི་ཕྱིན་ཅི་ལོག་ལས་བྱུང་བའི་མགྱོད་པ་སེལ་བར་འགྱུར་རོ།།
286a2 རྒྱལ་པོ་ཆེན་པོ་ཁྱོད་ནི། བྱ་བ་མང་ཞིང་བྱེད་པ་མང་བ་ལུགས་ཀྱིས་བཞུད་ཅིག། དེ་ནས་རྒྱལ་པོ་མ་སྐྱེས་དགྲ་དང་། བཙུན་མོ་ཟླ་བ་ཅན་དང་། བཙུན་མོའི་འཁོར་ཐམས་ཅད་ཀྱིས་བཅོམ་ལྡན
286a3 འདས་དང་། བྱང་ཆུབ་སེམས་དཔའ་མྱ་ངན་མེད་ཀྱིས་བྱིན་པ་དང་། དགེ་སློང་གི་དགེ་འདུན་རྣམས་ལ་ཕྱག་འཚལ་ན། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན
286a4 འདས་བདག་ཅག་ནི་བགྱི་བ་མང་ཞིང་བགྱིད་པ་མང་བ་ལགས་ཀྱིས་བདག་མཆིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ད་དེའི་དུས་ལ་བབ་པར་ཤེས་ན
286a5 སོང་ཤིག་ཅེས་བཀའ་སྩལ་ནས། རྒྱལ་པོ་མ་སྐྱེས་དགྲའི་བཙུན་མོ་ཟླ་བ་ཅན་ལ་སྩོགས་པ། བཙུན་མོའི་འཁོར་ཆེན་པོ་དག་དང་ལྷན་ཅིག་ཏུ་བྱ་རྒོད་ཀྱི་ཕུང་པོའི་རི་ལས་རྒྱལ
286a6 པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་དོང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག
286a7 ཆོངས་ཤིག། ལྷོག་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ
286a8 གྲངས་འདི་བདག་གིས་གཟུང་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།