e-texts navigator
Collection
Volume
Page
Wylie

63a1 མ@#བྱ་མི་ནུས་སོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བསླབ་ཚིགས
63a2 ལ། དགེ་སློང་གང་དག་འཛིན་པར་གྱིད་པ་ནི། སོ་སོ་ཐར་པའི་སྡོམ་པ་སྡམས་པ་ལགས་སོ།། བཅོམ་ལྡན་འདས་ཀྱི་བསླབ་ཚིག་རྗེས་སུ་བསྲུངས་པ་ལགས་སོ།། དེ་ནས་ཚེ་དང
63a3 ལྡན་པ་དགའ་བོས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་།། དེ་ནས་ཉན་ཐོས་ཆེན་པོ་དེ་དག་བདག་གིས་སངས་རྒྱས་ཀྱི་ཞིང་དུ་དོང་ངོ་།། ལྷ་དང
63a4 ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དག་ཀྱང་དོང་ངོ་།། བཅོམ་ལྡན་འདས་འགྱེས་ཤིང་དེ་སྐད
63a5 བཀའ་སྩལ་པ་དང་། ཐམས་ཅད་ཡོད་པའི་འཁོར་དེ་དང་། ལྷ་དང་མི་དང་ལྷ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རྣམས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ
63a6 མངོན་པར་དགའོ།། འཕགས་པ་ཟམ་ཏོག་བཀོད་པ་ཞེས་བྱང་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། རྒྱ་གར་སྐད་དུ།
63a7 ཨརྱ་མེའི་ཏྲི་ཡ་བྱ་ཀ་ར་ན་མ། བོད་སྐད་དུ། འཕགས་པ་བྱམས་པ་ལུང་བསྟན་པ། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ།། ཆོས་ཀྱི་སྡེ་དཔོན་ཁྱབ་བདག་དཔལ།
63a8 ཤེས་རབ་ཆེན་པོ་ཤ་རིའི་བུས།། འཇིག་རྟེན་རྣམས་ལ་སྙིང་རྩེའི་ཕྱིར། སྟོན་པ་ས་ནི་ཡོངས་ཞུས་པ།། སྔོན་དང་ཕྱི་མིའི་མདོ་ལས་ནི།། མ་འོངས་པའི་སངས་རྒྱས་གང་།།




iiif viewer powered by OpenSeadragon

-

Texts on this page

F29 - 'phags pa za ma tog bkod pa zhes bya ba theg pa chen po'i mdo
F30 - 'phags pa byams pa lung bstan pa zhes bya ba