e-texts navigator
Collection
Volume
Page
Wylie

56b1 དཔའ་ཆེན་པོ་གང་གིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་ཅིང་། གྲངས་མེད་པ་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུ་འམ་རིགསྨྲ་བུ
56b2 མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཐ་ནི་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བྲིས་ནས། འཛིན་ཏམ། འཆང་ང་མོ། ཀློག་གམ། ཀུན་ཆུབ་པར་བྱེད་དམ།
56b3 གཞན་དག་ལ་རྒྱ་ཆེར་ཡང་དག་པོར་རབ་ཏུ་སྟོན་ན། དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ།། ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཅེས་ན། ཇི་ལྟར
56b4 ཡང་དག་པར་རབ་ཏུ་མི་སྟོན་པ་དེ་བཞིན་དུ་ཡང་དག་པར་རབ་ཏུ་སྟོན་པ་སྟེ། དེས་ན་ཡང་དག་པར་རབ་ཏུ་སྟོན་པ་ཞེས་བྱའོ།། སྐར་མ་རབ་རིབ་མར་མེ་དང་། སྒྱུ་མ་ཟིལ་པ་ཆུ་བུར་དང་།།
56b5 རྨི་ལམ་ཀློ་ག་དང་སྤྲིན་པ་ལྟ་བུ། འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གནས་བསྟན་རབ་འབྱོར་དང་། དགེ་སློང་དེ་དག་དང་།
56b6 བྱང་ཆུབ་སེམས་དཔའ་དེ་དག་དང་། འཁོར་བཞི་པོས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་མ་དང་། དགེ་བསྙེན་མ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས
56b7 བའི་འཇིག་རྟེན་ཡིད་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་པ་ཞེས་བྱ་བ་ཟག




iiif viewer powered by OpenSeadragon

56a - 57a

Texts on this page

F14 - 'phags pa shes rab kyi pha rol tu phyin pa rdo rje gcod pa zhes bya ba theg pa chen po'i mdo