e-texts navigator
Collection
Volume
Page
Wylie

55a1 གང་དག་ང་ལ་གཟུགསུ་མཐོང་། གང་དགང་ལ་དགྲར་ཤེས་པ། ལོག་པའི་ལམ་དུ་ཞུགས་པ་སྟེ། སྐྱེ་བོ་དེ་དག་མི་མཐོང་། སངས་རྒྱས་རྣམས
55a2 ནི་ཆོས་ཉིད་ལྟ། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། ཆོས་ཉིད་ཤེས་པར་བྱ་མིན་པས། འདི་ནི་རྣམ་པར་ཤེས་མི་ནུས། རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན
55a3 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའོ་སྙམ་དུ་འཛིན་ན། རབ་འབྱོར་ཁྱོད་ཀྱིས་དེ་ལྟར་ལྟ་བར་མི་བྱ་སྟེ། རབ་འབྱོར་མཚན
55a4 ཕུ་ན་སུམ་ཚོགས་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་མེད་དོ།། རབ་འབྱོར་ཁྱོད་ཇི་སྙམ་དུ་སེམས།
55a5 བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་རྣམས་ཀྱིས་ཆོས་གང་ལ་ལ་ཞིག་རྣམ་པར་བཤིག་པ་འམ། ཆད་པར་རྟགས་པ་ཙམ་དུ་འཛིན་ན། རབ་འབྱོར་དེ་དེ་ལྟར་མི
55a6 ལྟ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས། ཆོས་གང་ཡང་རྣམ་པར་རིག་པ་འམ། ཆད་པར་རྟགས་པ་མེད་དོ།། ཡང་རབ་འབྱོར་རིགས་ཀྱི་བུ
55a7 རིགས་ཀྱི་བུ་མོ་གང་གིས་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སྦྱིན་པ་བྱིན་པ་བས་བྱང་ཆུབ་སེམས་དཔའ་གང་གིས་ཚེ




iiif viewer powered by OpenSeadragon

54b - 55b

Texts on this page

F14 - 'phags pa shes rab kyi pha rol tu phyin pa rdo rje gcod pa zhes bya ba theg pa chen po'i mdo