| e-texts navigator |
| Wylie |
53a1 བཅོམ་ལྡན་འདས་དེ་ནི་མ་ལས་སོ།།
53a2 དེས་ན་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་ཞེས་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མཚན
53a3 ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པ་རླ་བལྟ་བར་བྱ་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེག
53a4 པར་བལྟ་བར་མི་བགྱི་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་མཚན་ཕུན་སུམ་ཚོགས་པ་གང་གསུངས་པ་དེ། མཚན་ཕུན་སུམ་ཚོགས་པ་མ་མཆིས
53a5 པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེ་བས་ན་མཚན་ཕུན་སུམ་ཚོགས་པ་ཞེས་བགྱི་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར
53a6 འདི་ཇི་སྙམ་དུ་སེམས།། དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་ཆོས་སྟན་ཏོ་ཞེས་དགོངསོ་སྙམ་ན། རབ་འབྱོར་དེ་དེ་ལྟར་མི་ལྟ་སྟེ། དེ་བཞིན་གཤེགས་པས་སྟོན་པའི་ཆོས་དེ
53a7 དག་གང་ཡང་མེད་པའི་ཕྱིར་རོ།། རབ་འབྱོར་གང་ཞིག་འདི་སྐད་དུ། དེ་བཞིན་གཤེགས་པས་ཆོས་བསྟན་ཏོ་ཞེས་ཟེར་ན། རབ་འབྱོར་དེ་ནི་མེད་པ་དང་། ལོག་པར་ཟིན་པས་ངལ
53a8 བསྐུར་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་བསྟན་པ་ཞེས་བྱ་བར་དམིགས་པར་འགྱུར་བའི་ཆོས་དེ་གང་ཡང་མེད་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན