| e-texts navigator |
| Wylie |
52b1 པའི་སེམས་ཀྱང་དམིགས་སུ་མེད། དེ་ལྟར་བྱུང་བའི་སེམས་ཀྱང་དམིགས་སུ་མེད་པའི་ཕྱིར་རོ།། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་གིས་སྟོད་སྟོང་ཆེན
52b2 བིའི་འཇིག་རྟེན་གྱི་ཁམས་འདི། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་པ་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་གཞི་ལས་བསོད་ནམས
52b3 མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། བདེ་བར་གཤེགས་པ་མང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
52b4 རབ་འབྱོར་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་མང་དུ་བསྐྱེད་དོ།། རབ་འབྱོར་གལ་ཏེ་བསོད་ནམས་ཀྱི་བུ
52b5 བོ་དག་ཟ་བསོད་ནམས་ཀྱི་ཕུང་པོར་ཞེས་དེ་བཞིན་གཤེགས་པས་མི་གསུངས་།། རབ་འབྱོར་འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་སྐུ་ཡོངས་གྲུབ་པས། དེ་བཞིན་གཤེག
52b6 བར་བལྟ་བར་བྱ་ས་མ་འམ། རབ་འབྱོར་གྱིས་གསོལ་པ།། བཅོམ་ལྡན་འདས་དོན་མ་ལགས་སོ།། གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་ཟས། དེ་བཞིན་གཤེགས་པར་ག།
52b7 བར་མི་བགྱི་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ།
52b8 བསོད་ནམས་ཕུང་པོར་གྱུར་པ་ན།