| e-texts navigator |
| Wylie |
52a1 སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟར་ལགས་ཏེ། དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྤྱན་མངའོ།། བཅོམ
52a2 ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་སྨན་མངའ་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན
52a3 འདས་དེ་དེ་ལྟར་ལགས་ཏེ། དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་སྤྱན་མངའོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་གིའི་ཀླུང
52a4 གི་བྱེ་མ་སྙེད་པ། གང་དག་གང་གའི་ཀླུང་ཡང་དེ་སྙེད་དུ་གྱུ་རཱ་ལཱ། དེ་དག་གི་བྱེ་མ་ཡང་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གྱུར་པ་དེ་ཅི་མང་བ་ཡིན་སྙམ་འམ། རབ་འབྱོར་གྱིས
52a5 གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟར་ལགས་ཏེ། འཇིག་རྟེན་གྱི་ཁམས་དེ་དག་མང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན
52a6 གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་གིས་བསམ་པ་ཐ་དད་པའི་སེམས་ཀྱི་རྒྱུན་ངས་རབ་ཏུ་ཤེས་སོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཀྱིས་རྒྱུན་ཞེས
52a7 བྱ་བ་ནི། དེ་རྒྱུན་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདས་པའི་སེམས་ཀྱང་དམིགས་སུ་མེད། མ་འོངས
52a8 སན་སིན་ཀྱི་རྐྱེན་ཅེས་བྱའོ།།