e-texts navigator
Collection
Volume
Page
Wylie

51b1 པ་རྣམས་ཞེས་བྱ་བ་ནི། བཀོད་པ་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེས་ན་ཞིང་བཀོད་པ་རྣམས་ཞེས་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ
51b2 གང་གིས་ཆོས་ཀྱི་རྣམ་གྲངས་འདི་བདག་མེད་པ་དང་། ཆོས་རྣམས་བདག་མེད་པ་ཞེས་མོས་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང
51b3 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ།། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ཤིའི་སྤུན་མངའ་སྙམ་འམ། རབ་འབྱོར་གྱིས་གསོལ་པ།
51b4 བཅོམ་ལྡན་འདས་དེ་དེ་ལྟར་ལོགས་ཏེ། དེ་བཞིན་གཤེགས་པ་ལ་ཤའི་སྤུན་མངའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན
51b5 གཤེགས་པ་ལ་ལྷའི་སྤྱན་མངའ་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟར་ལགས་ཏེ། དེ་བཞིན་གཤེགས་པ་ལ་ལྷའི་སྨན་མངའོ།། བཅོམ་ལྡན་འདས
51b6 ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་སྤྱན་མངའ་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟགས
51b7 ཏེ། དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་སྤྱན་མངའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྤུན་མངའ




iiif viewer powered by OpenSeadragon

51a - 52a

Texts on this page

F14 - 'phags pa shes rab kyi pha rol tu phyin pa rdo rje gcod pa zhes bya ba theg pa chen po'i mdo