e-texts navigator
Collection
Volume
Page
Wylie

50b1 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ།། ཞེས་ལུང་མི་སྟོན་པ་ཞིག་ན། ཡང་རབ་འབྱོར་འདི་ནི་དེ་བཞིན་གཤེགས་པས་གག
50b2 བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་པ་དེའི་ཕྱིར་ན། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས།
50b3 ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ།། ཞེས་ལུང་བསྟ
50b4 ཏོ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། ཡང་དག་པའི་དེ་བཞིན་གཤེགས་ཉིད་ཀྱི་ཚིགས་བླ་དགས་ཡིན་པའི་ཕྱིར་རོ།། རབ་འབྱོར་གང་ལ་ལ
50b5 ཞིག་འདི་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར
50b6 སངས་རྒྱས་སོ།། ཞེས་ཟེར་ན། དེ་ལོག་པར་སྨྲ་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པས། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
50b7 མངོན་པར་རྫོགས་པར་སངས་རྒྱས་པ་དེ་གང་ཡང་མེད་པའི་ཕྱིར་རོ།། རབ་འབྱོར་དེ་བཞིན་གཤེགས་པས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་བདེན་པ་ཡང་མེད།།




iiif viewer powered by OpenSeadragon

50a - 51a

Texts on this page

F14 - 'phags pa shes rab kyi pha rol tu phyin pa rdo rje gcod pa zhes bya ba theg pa chen po'i mdo