e-texts navigator
Collection
Volume
Page
Wylie

50a1 དེ་ལྟར་སེམས་ཅན་སྟོངས་སུ་མྱ་ངན་ལས་བཟླས་ཀྱང་། སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་བཟླས་པར་འགྱུར་བ་མེད་དོ་སྙམ་དུ
50a2 སེམས་བསྐྱེད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་འདུ་ཤེས་འཇུག་ན། དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་ལ།།
50a3 གང་ཟག་གི་བར་དུ་འཇུག་ན་ཡང་། དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར
50a4 ཞུགས་པས། ཆོས་གང་ཡང་མེད་པའི་ཕྱིར་རོ།། རབ་འབྱོར་འདི་དེ་བཞིན་གཤེགས་པ་མར་མ་མཛད་ལས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོ
50a5 པ་ར་སངས་རྒྱས་པའི་ཆོས་དེ་གང་ཡང་ཡོད་སྙམ་འམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།།
50a6 བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས
50a7 རྒྱས་པའི་ཆོས་འགའ་ཞིག་ཡོད་པར་འགྱུར་ན། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ
50a8 ངགང་ཡང་མ་མཆིས། དེས་ཀྱིས་ནམས་པ་དག་བཅོམ་ལྡན་འདས་བྱམ་མ་དང་ལྡན་པར་འགྱུ་ས་ན་པའ་ཕྲུལ་ཏོ། ཕྱིར་བ་ན་མ། དེ་བཞིན་ཏེ། དེ་བཞིན་གཤེགས་པཔ་དེ་བཞིན་ན་ཤེཤེས་པ་སནས་མཛལས་དང་བླན་མེད་པ་ཡང་དག་པར་རྫོགས་པའི
50a9 པ་རྗེས་པས་རྒྱ་ཡ་ག་ས། ས་རྒྱ་མི་ཏིད་མ་མ་རྫས་པ་ས




iiif viewer powered by OpenSeadragon

49b - 50b

Texts on this page

F14 - 'phags pa shes rab kyi pha rol tu phyin pa rdo rje gcod pa zhes bya ba theg pa chen po'i mdo