| e-texts navigator |
| Wylie |
283a1 @#ཤེས་ར་ཀྱི་བ་རམ་ཏུ་ཕྱིན་པ་མ་ན་ཅན་ཡད་བཞུགས་སྷོ།། སངས་རྒྱས་བཅོམ་ལྡན་འདས་མ་ཆོས་ཀྱི་སྐུའི་མཚན་བརྒྱ་རྩ་བརྒྱད་པ
283a2 གཟུངས་སྔགས་དང་བཅས་མ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། འདས་དང་མ་བྱོན་ད་ལྟར་གྱི། རྒྱལ་བ་གང་ལག་ལ་དེ་ཀུན་གྱི།
283a3 ཡུམ་ནི་དགེ་མ་ཁྱོད་ལགས་སྟེ། ཁྱོད་ནི་ལྷ་མོ་རྒྱལ་བའི་སྲས། རང་བཞིན་མེད་པའི་རང་བཞིན་ཅན་སངས་རྒྱས་ཡུམ་གྱུར་དེའི་མཚན། དགེ་བ་བདག་གིས་མཛད་པར
283a4 བྱ། འབྱོར་པ་འདོད་པས་མཉན་པར་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པར་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད
283a5 མཁྱེན་པ་ཉིད། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། མི་ནོར་བ་དེ་བཞིན་ཉིད་དང་། མ་ནོར་བ་དེ་བ་དེ་བཞིན་མ་ཡིན་པ་དེ་བཞིན་ཉིད་དང་། བདེན་པ་དང་དེ་ཁོ་ན།
283a6 དང་། ཡང་དག་པ་དང་། ཕྱིན་ཅིམ་ལོག་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དངོས་པོ་མེད་པ་ཉིད་དང་། ངོ་བོ་ཉིད་དང་། དངོས་པོ་མེད།
283a7 བའི་ངོ་བོ་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོང་མེད་པ་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། ཆོས་ཀྱི་མཚན་ཉིད་དང་། ངོ་བོ་ཉིད་པ་ཉིད་དང་།
283a8 བདག་མེད་པ་ཉིད་དང་།