| e-texts navigator |
| Wylie |
282b1 ཆོས་ཀྱི་རྣམ་གྲངས་འདི་གང་ན་སྤྱོད་པའི་ས་ཕྱོགས་དེ་མཆོད་རྟེན་དུ་འགྱུར་རོ།། ཆོས་ཀྱི་རྣམ་གྲངས་འདི་གང་གི་ལུས་ལ་ཐོགས་སམ། གླེགས་བམ་ལ་བྲིས་ཏེ། སྤྱོད་པའི་གང་ཟག
282b2 དེ་ཕྱག་བྱ་བའི་གན་སུ་འགྱུར་རོ།། དེ་བསྐལ་པ་བྱེ་བ་མང་པོར་སྐྱེ་བ་དྲན་པར་འགྱུར་རོ།། དེ་ལ་བདུད་སྡིག་ཅན་བར་ཆད་བྱེད་པར་མི་ནུས་སོ།། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་གཞན
282b3 རྣམས་ཀྱང་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་རོ།། ཡང་བ་མ་སྤངས་པར་འཆི་བར་མི་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམ
282b4 དཔའ་ཐམས་ཅད་ཀྱི་དགོངས་པར་འགྱུར་རོ།། མདོར་ན་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་འདོད་པ་དེ་དང་དེར་སྐྱེ་བར་འགྱུར་རོ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི
282b5 ཆོས་ཀྱི་རྣམ་གྲངས་འདི་ཕན་ཡོན་མ་མོད་ཀྱི། ངས་ཕྱོགས་ཙམ་ཞིག་བརྗོད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག
282b6 ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་ཁོར་དེ་དག་དང་། ལྷ་དང་།། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པ་འཇིག་རྟེན་ཡིད་རངས་ཏེ།
282b7 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་བརྒྱ་ལྔ་བཅུ་པ་རྫོགས་སྷོ།།