| e-texts navigator |
| Wylie |
282a1 ལས་ཐར་བར་གྱིས་ཤིག། ཨོཾ་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ། ཧཱུཾ་ཏྲ་ཊ། སྡིག་པ་གཞོམ་པའི་ཕྱིར་ཕྱག་རྒྱ་སྔགས་ཏེ།
282a2 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དངོས་གྲུབ་དམ་པ། རྡོ་རྗེ་འཛིན་ཆེན་པོ་དང་། དེ་བཞིན་གཤེགས་པར་འགྱུར་རོ། ལག་ན་རྡོ་རྗེ་འདི་ནི་སེམས་ཅན་དགེ་བའི་རྩ་བ
282a3 མ་སྐྱེད་པ་རྣམས་ཀྱི་རྣ་ལམ་དུ་ཐོས་པར་འགྱུར་རོ།། འདི་ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱིས་མཉམ་པ་འམ། ཡིག་གེར་འབྲི་བ་འམ། ཡིག་གེར་འབྲིར་འཇུན
282a4 བཞུག་པ་འམ། ཀློག་པ་འམ། བཅང་བ་འམ། སྒོམ་འམ། བསྟི་བསྟང་བྱ་བ་འམ། རི་མོར་བྱ་བ་འམ། མཆོད་པར་མི་ནུས་སོ།། གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི
282a5 ཚུལ་གྱིས་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཡིག་འབྲུ་གཅིག་ཙམ་ཐོས་ན་ཡང་། སེམས་ཅན་དེ་དག་ནི་གཞན་ན། སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ།། མཐའ
282a6 དག་རྫོགས་པ་ལྟ་ཅི་སྨོས། ལག་ན་རྡོ་རྗེ་གང་ལ་ལ་དག་སངས་རྒྱས་བྱེ་བ་ཁཱ་ཁྲིག་གང་གི་ཀླུང་བརྒྱ་བཅུའི་བྱེ་མ་སྙེད་ལ་བཀུ་སྟི་མ་བྱས་པ་དང་། བླ་མར་མ་བྱས་པ་དང་། མཚོ
282a7 བམ་བྱས་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་རྣམ་གྲངས་འདི་ཐོས་པར་མི་ནུམ་སོ།། ཆོས་ཀྱི་རྣམ་གྲངས་འདི་གང་ན་སྤྱོད་པའི་མ་ཕྱོག་དེ་མཆོད་རྟེན་དུ་འགྱུར་རོ།།