e-texts navigator
Collection
Volume
Page
Wylie

281b1 དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བའི་བདག་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་སྔགས་ཀྱི་ཚིག
281b2 ནི། ཉི་ཤུ་རྩ་ལྔ་པ་འདི་རྣམས་སོ།། ཨོཾ། བྱང་ཆུབ་ཀྱི་སེམས་རྡོ་རྗེ།། ཨོཾ་ཀུན་ཏུ་བཟང་པོའི་སྤྱོད་པ།། ཨོཾ་ཡིད་བཞིན་གྱི་ནོར་བུ། ཨོཾ་འགོག་པ་མེད་པ། ཨོཾ་སྐྱེ་བ
281b3 བཟློག་པ། ཨོཾ་རྣམ་པར་ཤེས་པ་ཐམས་ཅད། ཨོཾ་འདོད་ཆགས་དང་བྲལ་བའི། ཆོས་ཉིད་ཚོན་པོ།། ཨོཾ་བརྩོན་འགྲུས་ཀྱི་གོ་ཆ། ཨོཾ་ཀུན་ཏུ་འགྲོ་བ། ཨོཾ་རྡོ་རྗེ
281b4 སྲ་བའི་སེམས།། ཧཱུཾ་ཨོཾ། དེ་བཞིན་གཤེགས་པ་ཐམས་ཅད། ཨོཾ་ངོ་བོ་ཉིད་རྣམ་པར་དག་པ། ཨོཾ་ཆོས་ཉིད་ཤེས་པ་རྣམ་པར་དག་པ། ཨོཾ་ལས་རྣམ་པར་སྦྱོང་བ།
281b5 ཧཱུཾ་ཨོཾ་ངེས་པར་གནོད་མཛེས་རྡོ་རྗེ་ཅན་ཕཊ། ཨོཾ་འདོད་པ་ལ་འདོད་ཆགས། ཨོཾ་མི་སྤོང་བའི་རྡོ་རྗེ་ཅན། ཨོཾ་ཧཱུཾ་ཐམས་ཅད་འདུལ་བ། ཨོཾ་ཧྲི། ཨོཾ་ཨ་ཞེས་བྱ
281b6 བའི་སྒོ། ཨོཾ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཨ་བཾ་ཧཱུཾ། ཨོཾ་ཨོཾ། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད
281b7 ཀྱི་གསུང་རྣམ་པར་དག་པ།། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ། ཨོཾ་ཨ། སྡིག་པའི་འཆིང་བ་ཐམས་ཅད་ཆོམ་ཤིག། ངན་སོང་རྒྱུན་ཐམས་ཅད




iiif viewer powered by OpenSeadragon

281a - 282a

Texts on this page

F21 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa