e-texts navigator
Collection
Volume
Page
Wylie

281a1 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་དང་། ཡེ་ཤེས་གནས་སུ་བསྒྲུབ་པས་ན། ཆོས་ཀུན་རྣམ་པར་དག་པའི་ཕྱིར།
281a2 འཁོར་བ་ཡོངས་སུ་དག་པར་འགྱུར། ཆགས་ལ་སོགས་པས་འདུལ་ན་ནི། འཁོར་བའི་བར་དུ་རྟག་པར་ཡང་། འཇིག་རྟེན་སྡིག་བྱེད་དེ་སྦྱངས་ཕྱིར། འཁོར་བ་ཇི་སྲིད
281a3 དུ་བདག་ཉིད་འདུལ། ཇི་ལྟར་པད་མ་རབ་དམར་ཡང་། ཚོན་གྱིས་ཉེས་པས་མི་གོས་པ། དེ་བཞིན་གནས་ཀྱི་ཉེས་པ་ཡིས། འགྲོ་ཕན་རྣམས་ལ་མ་གོས་སོ།།
281a4 འདོད་ཆགས་ཆེན་པོ་རྣམ་པར་དག། བདེ་བ་ཆེ་ཞིང་ནོར་ཆེ་ལ། ཁམས་གསུམ་དབང་ཕྱུག་ཐོབ་པས་ན། སེམས་ཅན་དོན་རྣམས་རྟེན་པར་བྱེད། ལག་ན་རྡོ་རྗེ་སུ་ལ་ལ
281a5 ནང་པར་ལངས་ནས། མཆོག་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདིའི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཉིན་རེ་རེ་ཞིང་འདོན་པ་དང་། ཉན་པ་དང་། འཛིན་པ་དང་།
281a6 ཀློག་པ་དང་། སྒོམ་པ་དེ་ཡིད་ལ་བདེ་བ་དང་། བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་དངོས་གྲུབ་ཀྱི་མཆོག་ཀྱང་ཚེ་འདི་ཉིད་ལ་ཐོབ
281a7 པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་ཀྱང་འགྲུབ་སྟེ། རྡོ་རྗེ་འཛིན་ཐམས་ཅད་ཀྱི་ཆེན་པོ་འམ། དེ་བཞིན་གཤེགས་པར་འགྱུར་རོ།།




iiif viewer powered by OpenSeadragon

280b - 281b

Texts on this page

F21 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa