| e-texts navigator |
| Wylie |
280b1 གཤེགས་པ་ཟད་ཀྱི་པ་ཐ~ཾང་མ་ཟུ་ངམ་པར་འགྱུར་རོ། བྱ་དུམསམས་དཔའ་སེམས་དཔའ་ཛིན་པ་རྣམས་ཀྱི་བདམ་ཆེན་པོ་དངོས་གྲུབ་དང་པན།
280b2 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོ་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས
280b3 ཅད་ཀྱི་བྱང་ཆུབ་ཆེན་པོ་དངོས་གྲུབ་དམ་པ་ནི། བདུད་ཆེན་པོའི་སྟོབས་ཐམས་ཅད་རབ་ཏུ་འཇོམ་པ་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
280b4 རྣམས་ཀྱི་བདུད་ཆེན་པོའི་སྟོབས་ཐམས་ཅད་དུ་འཇོམས་པ་དངོས་གྲུབ་དམ་པ་ནི། ཁམས་གསུམ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས
280b5 དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་དངོས་གྲུབ་དམ་པ་ནི་མ་ལུས་པ་ན། སེམས་ཅན་གྱི་ཁམས་ལུས་པ་མེད་པའི་ཡོངས
280b6 སུ་སྦྱོང་བར་མེད་པར་རྒྱུ་བའི་ཕྱིར་འཁོར་བ་ཡང་ཆགས་ཤིང་། བརྩོན་འགྲུས་ཆེ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མ་ལུས་པ་ན། སེམས་ཅན་གྱི
280b7 ཁམས་ལུས་པ་མད་བི་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། མཆོག་ཏུ་བདེ་བ་ཆེན་པོར་དངོས་གྲུབ་དམ་པར་འགྱུར་རོ།།
280b8 དེ་ཅིའི་ཕྱིར་ཞེ་ན། ཇི་སྲིད་འཁོར་བ་གནས་སུ་ནི། མཁས་མཆོག་འདུག་པར་གྱུར་པའི་ཚེ། ཇི་སྲིད་མཚུངས་མེད་སེམས་ཅན་དོན།། མྱང་ནིམི་འདའ་བྱེད་པར་ནུས།