| e-texts navigator |
| Wylie |
280a1 ཐེག་པ་ཆེན་པོ་ལེགས་སོ།། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ།། ཆོ་ག་འདི་ནི་ལེགས་པ་སྨྲས། སངས་རྒྱས་རྡོ་རྗེ
280a2 འཛིན་ཀུན་གྱིས། འབྲས་བུ་ཡོད་པ་འདུལ་བའི་མཆོག། རྡོ་རྗེ་མདོ་སྡེ་བྱིན་གྱིས་བརླབས། ཆོ་གའི་རྒྱལ་པོ་བླ་ན་མེད། གང་རྣམས་དེ་དག་འཛིན་པ་ནི། བདུད
280a3 ལ་སོགས་པ་ཐམས་ཅད་ཀྱིས། དེ་དག་མི་སོད་མི་ཚུགས་སོ།། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། དངོས་གྲུབ་ཐ་མ་ཐམས་ཅད་ཀྱང་། སངས་རྒྱས་ཀུན་གྱིས
280a4 གསུངས་པ་བཞིན། རིང་པོར་མི་ཐོགས་དེ་བཞིན་འགྱུར། དེ་སྐད་གསུངས་ནས་གསུང་གབང་གྲུབ་ཕྱིར། རྡོ་རྗེ་ཅན་གྱིས་བཤད་པ་ལ། ཀུན་མཆོག་སངས་རྒྱས་ཁས
280a5 བཅས་པ། ཐམས་ཅད་ཀྱིས་ནི་མངོན་པར་བསྟོད། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི
280a6 ཆོས་ཉིད་བརྙེས་པ། ཆོས་ཐམས་ཅད་སྤྲོས་པ་མེད་པས་ཡང་བདེ་བ་ཆེན་པོ།། རྡོ་རྗེའི་དོན་ཡོད་པས་དམ་ཚིག་ཅེས་བྱ་བའི་རྡོ་རྗེས་ཆོས་ཉིད་མཉམ་པ་ཉིད། ཤེས་རབ
280a7 ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་མཆོག་མ་དང་ཐ་མ་དབུས་མེད་པའི་དམ་པ་གསུངས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་ཆེན་པོའི་དངོས་གྲུབ་དམ་པ་ནི།