| e-texts navigator |
| Wylie |
279b1 མུ་མེད་པ་ལ་མཐར་ཐུག་ཅིང་། མུ་མེད་པའི་ཆོས་དང་ལྡན་པས་ཡཱས། ཆོ་ག་འདི་མཐར་ཐུག་པར་བྱིན་གྱིས་བརླབས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས
279b2 མཐར་ཐུག་པས་བྱིན་གྱིས་བརླབས་པ་ཞེས་བྱ་བའི་རྡོ་རྗེ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་དོ།།
279b3 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས་རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས། ཆོས་ཐམས་ཅད་དུ་མ་ཉིད་དོ།། ཤེས
279b4 རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་མེད་པ་ཉིད་པས། ཆོས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་དོ།། སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་།
279b5 འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། བརྗོད་པ་དང་། སྒོམ་པ་དེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཟུག་པ། མེདོ་པ་ཉིད་པས། སྒྲིབ་པ་ཐམས
279b6 ཅང་ཟད་ནས། དེ་བཞིན་གཤེགས་པ་འམ། རྡོ་རྗེ་འཛིན་པར་མྱུར་དུ་འགྱུར་རོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། ཆོས་ཀྱི་རྣམ་གྲངས་འདི་དོན་ཡོད།
279b7 པ་དང་། ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ།།