e-texts navigator
Collection
Volume
Page
Wylie

279a1 དེ་ནི་བཞིན་གཤེགས་པའི་སྙིང་པོ་ཅན་ནོ།། ། ཐམས་ཅད་རྡོ་རྗེའི་སྙིང་པོས་དབང་བསྐུར་བ་ཉིད་པས། སེམས་ཅན་ཐམས
279a2 ཅད་ཀྱི་ལས་ཀྱི་སྙིང་པོ་ཅན་ཡིན་ནོ།། ངག་ཐམས་ཅད་རབ་ཏུ་བྱུང་བས། སེམས་ཅན་ཐམས་ཅན་ནི་ཆོས་ཀྱི་སྙིང་པོ་ཅན་ནོ།། སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ
279a3 ལ་སྦྱོར་བས། སེམས་ཅན་ཐམས་ཅད་ནི་ལས་ཀྱི་སྙིང་པོ་ཅན་ཡིན་ནོ།། དེ་ནས་ཕྱིར་རོལ་གྱི་རྡོ་རྗེའི་རིགས་ཀྱི་ཅ་ཅོའི་སྒྲ་ཕྱུང་ནས། ཆོས་ཉིད་ཀྱི་དོན་རྒྱ་ཆེར་སྟོན་ཅིང
279a4 སྙིང་པོ་འདི་ཕུལ་ཏེ། དེ་ནས་རྡོ་རྗེའི་དབང་ཕྱུག་ཆེན་པོས་རང་གི་དེ་ཁོ་ནའི་སྙིང་པོ་འདི་ཕུལ་ལོ།། དྲི། དེ་ནས་མ་མོ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་ཕྱག
279a5 འཚལ་ཏེ། མགྲིན་གཅིག་ཏུ་ཐམས་ཅད་དགུག་པ་དང་། གཟུང་བ་དང་། བ་ཞིག་པ་དང་། སྒྲུབ་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ནའི་སྙིང་པོ་འདི་ཕུལ་ལོ།། བྷོ།།
279a6 དེ་ནས་སྦྲང་རྩིར་བྱེད་ལ་སོགས་པ་མ་མོ་གསུམ་གྱིས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། མགྲིན་གཅིག་ཏུ་རང་གི་དེ་ཁོ་ནའི་སྙིང་པོ་འདི་ཕུལ་ལོ།། སཿ། དེ་ནས
279a7 སྲིན་མོ་བཞིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། རང་གི་དེ་ཁོ་ནའི་སྙིང་པོ་འདི་ཕུལ་ལོ།། ཧཱུཾ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས




iiif viewer powered by OpenSeadragon

278b - 279b

Texts on this page

F21 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa