| e-texts navigator |
| Wylie |
278b1 རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཀྱིས་རྡོ་རྗེ་ཁྲོ་བོའི་གད་མོ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཧཱུཾ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད།
278b2 ལ་གནས་པས་ཡང་། ཆོས་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། ཐམས་ཅད་མཁྱེན་པ་ཉིད་པས། ཤེས་རབ་ཀྱི་ཕ
278b3 རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ།། ཐམས་ཅད་དོན་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཉིད་དོ།། ཐམས་ཅད་ཆོས་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད་དོ།།
278b4 ཐམས་ཅད་ལས་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག་པར་བྱའོ།། ཧཱུཾ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམ
278b5 དཔའ་ཐམས་ཅད་ཀྱི་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དོན་ཡོད་པ་ཐམས་ཀྱི་དམ་ཚིག་ཅེས་བྱ་བའི
278b6 སྙིང་པོ་འདི་སྨྲས་སོ།། ཧཱུཾ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་བྱ། རྣམ་པར་སྣང་མཛད་ཀྱིས་ཀྱང་། སེམས་ཅན་གྱི་བྱིན་གྱི་བརློབས་པ་ཞེས་བྱ་བ། ཤེས
278b7 རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས། སེམས་ཅན་ཐམས་ཅད