e-texts navigator
Collection
Volume
Page
Wylie

278a1 འཇུག་པ་དང་། འཛིན་པ་དང་། བརྗོད་པ་དང་། སྟོན་པ་དང་། ཉན་པ་དང་། སེམས་པ་དང་། སྒོམ་པ་དང་། མཆོད་པ་བྱེད་པ
278a2 དེ་ནི། དེ་བཞིན་གཤེགས་པ་ལ་མཆོད་པའི་ཆོ་ག་རྒྱས་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་མཁའ་མཛོད་ཀྱི་དོན་འདི་ཉིད་རྒྱ་ཆེར་སྟོན་ཏེ།། བཞིན་རབ
278a3 ཏུ་འཛུམ་ཞིང་ལས་ཐམས་ཅད་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཨོཾ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་འདུལ
278a4 ནུས་པས་ཡང་ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ། སེམས་ཅན་ཐམས་ཅད་འདུལ་བ་ཤེས་པའི་སྙིང་པོ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད
278a5 དེ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས། ཁྲོ་བ་མཉམ་པ་ཉིད་དོ།། སེམས་ཅན་ཐམས་ཅད་འདུལ་བ་ཉིད་པས། ཁྲོ་བ་འདུལ་བ་ཉིད་པས། སེམས་ཅན་ཐམས་ཅད
278a6 ཆོས་ཉིད་པས། ཁྲོ་བ་ཆོས་ཉིད་དོ།། སེམས་ཅན་ཐམས་ཅད་རྡོ་བྱེད་པས། ཁྲོ་བ་རྡོ་རྗེ་ཉིད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་སེམས
278a7 དཔའོ།། དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམ་པ་དོན་འདི་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་། རྡོ་རྗེ་མཆེ་བ་ཕྱག་རྒྱ་དང




iiif viewer powered by OpenSeadragon

277b - 278b

Texts on this page

F21 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa