e-texts navigator
Collection
Volume
Page
Wylie

277b1 པར་འགྱུར་རོ།། དོན་གྱི་མཉམ་པ་ཉིད་ལ་འཇུག་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ལོ་ལ་འཇུག་པར་འགྱུར་རོ།། ཆོས་ཐམས་ཅད་ཀྱི་མཉམ
277b2 པ་ཉིད་ལ་འཇུག་པ་ནི། དམ་པའི་ཆོས་ཀྱི་འཁོར་ལོ་ལ་འཇུག་པར་འགྱུར་རོ།། ཐམས་ཅད་ཀྱི་མཉམ་པ་ལྔ་འཇུག་པ་ནི། འཁོར་ལོ་ཐམས་ཅད་ལ་འཇུག་པར་འགྱུར་རོ།།
277b3 དེ་ནས་བྱང་ཆུབ་སྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། ཆོས་ཉིད་ཀྱི་དོན་རྒྱ་ཆེར་སྟོན་ཅིང་། བཞིན་འཛུམ་ནས་རྡོ་རྗེའི་འཁོར་ལོ་བསྐོར་ཅིང་རྡོ་རྗེའི་ཁོར་ལོ་ལ་ཐམ
277b4 ཅད་ལ་འཇུག་པོ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཧཱུཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ། མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའི་སྣོད་ཀྱི་མཆོ
277b5 པ་ཐམས་ཅད་ཀྱི་མཆོད་ཅེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ
277b6 མཆོད་པའི་ཆོ་ག་རྒྱས་པའོ།། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་བསྐྱོབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ།། དམ་པ
277b7 ཆོས་ཡོངས་སུ་འཛིན་པ་ནི། དེ་བཞིན་གཤེགས་པ་ཐམ་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིག་གེར་འབྲི་བ་དང་། ཡིག་ཀེར་འབྲིར




iiif viewer powered by OpenSeadragon

277a - 278a

Texts on this page

F21 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa