| e-texts navigator |
| Wylie |
277a1 དེ་རབ་ཏུ་འཛུམ་ཞིང་རྡོ་རྗེ་སྲ་བའི་ཕྱག་རྒྱ་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཨཱ། དེ་ནས
277a2 བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེས་པས་ཀྱང་། འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི
277a3 ཚུལ་འདི་བཤད་དེ། ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པའོ།། ། མཚན་མ་མེད་པའི་ཕྱིར་ཆོས་ཐམས་ཅད་མཚན་མ་མེད་པའོ།། སྨོན་པ་མེད་པའི་ཚུལ
277a4 གྱིས་ཆོས་ཐམས་ཅད་སྨོན་པ་མེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བའོ།། དེ་ནས་བཅོམ་ལྡན་འདས་འཇམ
277a5 དཔལ་གཞོན་ནུར་གྱུར་པ་དོན་འདི་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་འཛུམ་བཞིན་དུ་རལ་གྲི་དེས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱི
277a6 པའི་སྙིང་པོའི་མཚིག་འདི་སྦས་སོ།། ཡང་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་འདུས་པའི་དེ་བཞིན་གཤེགས་པས་ཀྱང་། འཁོར་ལོ
277a7 ཆེན་པོ་འཇུག་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ལ་འཇུག