e-texts navigator
Collection
Volume
Page
Wylie

276b1 ཁཐམས་ཅད་ཀྱི་ཤེས་ཀྱི་ལྷག་དྷའི་གནས་རྡོ་རྗེ་ཞེས་བྱག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྡུལ་འདི་བཤད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བཱགྶ
276b2 ཡོངས་སུ་འཛིན་པ་ནི། དེ་བཞིན་གཤེགས་པ་ཉིད་དུ་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི། ཆོས་ཐམས་ཅད་ཐོབ
276b3 པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི། ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས
276b4 ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི། ལུས་དང་ངག་དང་། སེམས་ཐམས་ཅད་རྡོ་རྗེའི་དངོས་གྲུབ་ཐོབ་པར་འགྱུར་རོ།། སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི
276b5 ཚུལ་འདི་ཉན་པ་དང་། འཆང་བ་དང་། ཀློག་དང་། ལུང་འབོག་པ་དང་། སྒོམ་པ་དེས། དངོས་གྲུབ་ཐམས་ཅད་དང་། ཤེས་པ་ཐམས་ཅད་དང་། དགོངས་པ་ཐམས་ཅན
276b6 དང་། ལུ་དང་། ངག་དང་། སེམས་ཐམས་ཅད་རྡོ་རྗེར། རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས
276b7 པར་འཆང་བར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའའི་ཆེན་པོ་རྡོ་རྗེའི་ཕྱག་རྒྱ་ཡོངསུ་འཛིན་པས། དོན་གནས་འདི་རྒྱ་ཆེར་བསྟན་ཏེ།




iiif viewer powered by OpenSeadragon

276a - 277a

Texts on this page

F21 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa