| e-texts navigator |
| Wylie |
276a1 དྲུཀྱི་ཕྱིར་པད་མིའི་གཟུགས་སྣ་ཚོགས་ཤེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། དྷཱིཿ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཁམ
276a2 གསུམ་ཐམས་ཅད་ཀྱི་དབང་པོས་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་ལས་བྱུང་བའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
276a3 པའི་ཚུལ་འདི་བཤད་དེ། དབང་བསྐུར་བ་སྦྱིན་པ་ནི། ཁམས་གསུམ་ཐམས་ཅད་ཀྱི་རྒྱལ་སྲིད་ཐོབ་པར་འགྱུར་རོ།། ནོར་སྦྱིན་པ་ནི་རེ་བ་ཐམས་ཅད་ཡོངས་སུ་རྫོགས
276a4 པར་འགྱུར་རོ།། ཆོས་སྦྱིན་པ་ནི་ཆོས་ཐེམས་མོཉམ་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ།། ཟང་ཟིང་སྦྱིན་པ་ནི། ལུས་དང་། དྲུག་དང་སེམས་ཀྱི་བདེ་བ་ཐམས་ཅད་ཐོབ
276a5 པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་བཞིན་རབ་ཏུ་འཛུམ་དམུལ་ཏེ། རང་གི་མོག་ལ་རྡོ་རྗེ་རིན་རྗེའི་དབང་བསྐུར་བའི
276a6 ཕྲེང་བ་འཆང་ཞིང་། དོན་འདི་ཉིད་རྒྱ་ཆེར་སྟོན་ཅིང་། དབང་བསྐུར་བ་ཐམས་ཅད་ཀྱི་དམ་ཚིག་རིན་པོ་ཆེ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཏྲཾ།། དེ་ནས་བཅོམ་ལྡན་འདས
276a7 དེ་བཞིན་གཤེགས་པ་ཐམས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་འཛིན་པ། དེ་བཞིན་གཤེགས་པ་རྟག་པས་ཡང་དེ་བཞིན་གཤེག