e-texts navigator
Collection
Volume
Page
Wylie

274b1 པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ།། ངོ་བོ་ཉིད་རྣམ་པར་དག་པའི་ཕྱིར་ཆོས་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི།། བྱང་ཆུབ་ཆེན་པོའོ།། ཐམས
274b2 ཅད་ལ་རྣམ་པར་མི་རྟོག་པའི་ཕྱིར། ཐམས་ཅད་མཉམ་པ་ཉིད་མངོན་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ།། ལག་ན་རྡོ་རྗེ་སུ་ལ་ལ་མངོན་པར་བསྒྲུབ་པ་བཞི་པོ་འདི་དག
274b3 མཉན་པ་དང་། འཛིན་པ་དང་། ཀློག་པ་དང་། སྒོམ་པ་དེ་དག་སྡིག་པ་ཐམས་ཅད་སྤྱོད་ཀྱང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ། ངན་སོང་ཐམས་ཅད་ལས་ཡང་དག
274b4 པར་འདས་པར་འགྱུར་རོ།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་ནས་དེ་སྐད་ཅེས་བཀའ་སྩལ་ནས།།
274b5 བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ། དོན་གནས་འདི་ཉིད་སྟོན་ཅིང་། བཞིན་རབ་ཏུ་འཛུམ་དམུལ་ཏེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་སྙིང་པོ
274b6 འདི་སྨྲས་སོ།། ཨཱ། དེ་ནས་མ་རུངས་པ་ཐམས་ཅད་འདུལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་།། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས།
274b7 རྣམ་པར་རྒྱལ་བ་བསྡུས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་འདི་བཤད་དེ། འདོད་ཆགས་ཀྱི་སྤྲོས་པ་མེད་པ་ཉིད་ཀྱིས། ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་དོ།།




iiif viewer powered by OpenSeadragon

274a - 275a

Texts on this page

F21 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa