| e-texts navigator |
| Wylie |
274a1 ལ་ལག་ན་རྡོ་རྗེ། དེ་བཞིན་གཤེགས་པ་ཐམས་ཅད་པ། ཐེག་པ་ཆེན་པོ་མངོན་པར་རྟོགས་པ། དཀྱིལ་འཁོར་ཐམས་ཅད་པ།
274a2 རྡོ་རྗེ་འཛིན་མཐའ་དག་གི་སེམས་ཅན་གྱི་མཆོག། ཁམས་གསུམ་མ་ལུས་པ་མཐའ་དག་ན། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བ། སེམས་ཅན་གྱི
274a3 ཁམས་ལུས་པ་མེད་པར་འདུལ་བ། དོན་ཐམས་གྲུབ་པ། དམ་ཚིག་ཆེན་པོ་པ། རྡོ་རྗེ་གསང་བའི་སེམས་ཅན་དུ་མས་གཡོག་བྱས་པ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི
274a4 དྲོན་ཚུལ་གྱི་དོན་འདི་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་ལག་པ་གཡོན་པ་རྡོ་རྗེ་སྐྱེངས་ཏེ། ཐོག་མའི་རྡོ་རྗེ་ཆེན་པོ་གསོར་ནས། རང་གི་སྙིང་ཁར་བསྟོད་པའི་ཚུལ་གྱིས་འཛི
274a5 ཅིང་། བདེན་པ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་སྨྲས་སོ།། ། ཧཱུཾ་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར
274a6 སྣང་མཛད་ཀྱི་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞི་བའི་ཆོས་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བསྒྲུབ་པ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི
274a7 ཚུལ་བཤད་དེ། རྡོ་རྗེ་སྲ་ཉིད་ཀྱི་ཕྱིར་རྡོ་རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ།། །། ། དོན་ཅིག་པའི་ཕྱིར་དོན་གྱི་མཉམ་པ་ཉིད་མངོན