e-texts navigator
Collection
Volume
Page
Wylie

273b1 རོ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་སྟེ། ཆོས
273b2 ཐམས་ཅད་ངོ་བོ་ཉིད་སྟོང་པ་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་དག་པའོ།། ལག་ན་རྡོ་རྗེ་སུ་ལ་ལས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་བསྒྲུབ་པ།
273b3 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལན་ཅིག་ཟོས་ན་ཡང་། དེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སྒྲིབ་པ་ཐམས་ཅད་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ།
273b4 པ་དང་། ལས་ཀྱི་སྒྲིབ་པ་ཆེན་པོ་བསགས་ཀྱང་སེམས་ཅན་དམྱལ་བ་ལ་སོགས་ངན་སོང་རྣམས་སུ་རྣམས་ཀྱང་སྐྱེ་བར་མི་འགྱུར་རོ།། སྡིག་པ་ཡང་བྱས་མ་ཐག་ཏུ་སྡུག་བསྔལ
273b5 མེད་པར་བྱང་བར་འགྱུར་རོ།། སུ་ཞིག་འཛིན་པ་དང་། ཉིན་རེ་བཞིན་ཀློག་པ་དང་། ཁ་དོན་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེ། ཚེ་འདི་ཉིད་ལ་ཆོས་ཐམས
273b6 ཅད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པས། ཆོས་ཐམས་ཅད་ལ་དབང་འབྱུང་བར་འགྱུར་རོ།། ཆོས་ཐམས་ཅད་ལ་དགའ་བ་དང་། མགུ་བ་དང་། མཆོག་ཏུ་དགའ་བ་མྱོང་བར
273b7 འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེ་ལོ་བཅུ་དྲུག་གིས་དེ་བཞིན་གཤེགས་པ་འམ། རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས




iiif viewer powered by OpenSeadragon

273a - 274a

Texts on this page

F21 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa