e-texts navigator
Collection
Volume
Page
Wylie

272b1 པ་སྟོན་པ་ན།། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་དང་། ཐབས་གཅིག་ཏུ་བཞུགས་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་། སྤྱན་རས་གཟིགས
272b2 དབང་ཕྱུག་དང་། ན་མཁའི་སྙིང་པོ་དང་། རྡོ་རྗེ་ཁུ་ཚུར་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ནམ་མཁའ་མཛོད་དང་། བྱང་ཆུབ་སེམས་དཔའ
272b3 དཔའ་སེམས་དཔའ་ཆེན་པོ་བདུད་ཀྱི་སྟོབས་ཐཾད་རབ་ཏུ་འཇོམས་པ་དང་།། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་དང་། ཐབས་གཅིག་ཏེ་ཡོངས་སུ་བསྐོར
272b4 ཅིང་མདུན་གྱིས་ལྟས་ནས་ཆོས་སྟོན་ཏེ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ཞེས་བྱ་བའི། ཐོག་མར་དགེ་བ།
272b5 བར་དུ་དགེ་བ། དོན་བཟང་པོ།། ཚིག་འབྲུ་བཟང་པོ།། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་བསྟན
272b6 འདི་ལྟར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་པའི་གནས་སོ།། ། འདོད་ཆགས་ཀྱི་མངའ་རྣམ་པར་དག་པའི་གནས་དེ་ནི་འདི།
272b7 སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། སག་ན་རྒྱ་ལ་མ་ཡག་ལ་ག་རྫུ་ཐ་ག་ཡ་མས་ས་། བྱང་ཆུབ་སེམས་དཔའི་གནས་སོ།། ཐམས་ཅད་ལ




iiif viewer powered by OpenSeadragon

272a - 273a

Texts on this page

F21 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa