e-texts navigator
Collection
Volume
Page
Wylie

272a1 ཚུལ།
272a2 ཡེ་ཤེས་དང་ལྡན་པ། རྣལ་འབྱོར་ཅན་ཆེན་པོའི་དབང་ཕྱུག་རིན་པོ་ཆེ་ཐམས་ཀྱིས་ཕྱག་རྒྱས་ཐམས་ཅད་ཀྱི་མཉམ་པ
272a3 ཉིད་ཐུགས་སུ་ཆུད་པ། སྣ་ཚོགས་ཀྱིས་བྱ་བ་མཛད་དེ་མ་ལུས་པ་ན།། སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ
272a4 བསྐང་བའི་འཕྲིན་ལས་མཛད་པ། ཐུགས་རྗེ་ཆེ་བ། རྣམ་པར་སྣང་མཛད་ཆེན་པོ། རྟག་པ་ལས་གསུམ་གྱི་མཉམ་པ་ཉིད་ལ་བཞུགས་པ་དང་།
272a5 སྐུ་དང་། གསུང་དང་། ཐུགས་ཐམས་ཅད་རྡོ་རྗེ། དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ།། གཞན་འཕྲུལ་དབང་བྱེད་ཀྱི་གནས།། འདོད་པའི
272a6 ཁམས་ན་ནོར་བུ་རིན་པོ་ཆེ་ཆེན་པོས་རབ་ཏུ་སྤྲས་པ་དང་། དར་གྱི་བ་དན་ཁ་སྣ་ཚོགས་དྲིལ་བུས་རྒྱུས་པ།། རླུང་གིས་བརྐྱོད་པ་དང་། མུ་ཏིག་གི
272a7 ཕྲེང་བ་དང་། རྔ་མ་དང་། རྒྱན་ཕྲེང་དང་། ཆུན་ཕྱུང་དང་། ཟླ་བ་ལྟ་བུས་མཛེས་པར་བྱས་པ།། དེ་བཞིན་གཤེགས་པ་ཐམས་ཅད་བཞུག




iiif viewer powered by OpenSeadragon

271b - 272b

Texts on this page

F21 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa