e-texts navigator
Collection
Volume
Page
Wylie

227a1 གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ། དེའི་ཚེ་ཁྱོད་ཀྱིས་དགེ་བའི་རྩ་བ་གང་འཕེལ་བར་རམ་འབྲི་བར་འགྱུར། འཇམ
227a2 དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེའི་ཚེ། བདག་གི་དགེ་བའི་རྩ་བ་འཕེལ་བ་འམ་འབྲི་བར་འགྱུར་བ་ཅི་ཡང་མ་མཆིས་སོ།། བཅོམ་ལྡན་འདས་ཆོས
227a3 གང་ལ་ཆོས་འགའ་ཞིག་འབལ་བ་འམ་འབྲི་བ་མཆིས་ན། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ལགས་ཏེ། བཅོམ་ལྡན་འདས་གང་ཡང་ཆོས་འགའ་ཞིག
227a4 འཕེལ་བའི་སླད་དུ་འམ། འབྲི་བའི་སླད་དུ་ཉེ་བར་གནས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ལགས་པར་རིག་པར་བགྱིའོ།། བཅོམ་ལྡན་འདས་གང
227a5 སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མི་སྤོང་ལ། སངས་རྒྱས་ཀྱི་ཆོས་ཀྱང་མི་ལེན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ
227a6 ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ཆོས་གང་སྤང་བ་འམ། བླང་བར་དམིགས་པས་གང་ཡང་མི་གནས་པའི་སླད་དུའོ།། བཅོམ་ལྡན་འདས
227a7 གང་འཁོར་བའི་སྐྱོན་དུ་ཡང་མི་མཆིལ། མྱ་ངན་ལས་འདས་པའི་ཡོན་ཏན་དུ་ཡང་མི་མཆི་བདེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེན།




iiif viewer powered by OpenSeadragon

226b - 227b

Texts on this page

F17 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo