e-texts navigator
Collection
Volume
Page
Wylie

226b1 འདྲི་བ་དེ་ལ་བདག་གིས་འདི་སྐད་དུ། སྐྱེ་བ་མེད་པ་བསམ་གྱིས་མི་ཁྱབ་པ་དག་ཏུ་གཏོག་སོ་ཞེས་བགྱིའོ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། བཇམ་དཔལ་གལ
226b2 ཏེ་ཡང་ལ་ལ་ཞིག་ཁྱོད་ལ་འདི་སྐད་དུ། སེམས་ཅན་གྱིས་ཁམས་ཅི་ལ་གནས་ཤེས་འདྲི་ན། དེ་ལ་ཁྱོད་ཀྱིས་ཇི་སྐད་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན
226b3 འདས་དེ་སྐད་འདྲི་བ་དེ་ལ་བདག་གིས་སྐད་དུ་སྐྱེ་བ་མེད་པའི་ཁམས་ཅིལ་གནས་པ་དེ་ལ་སེམས་ཅན་གྱི་ཁམས་ཀྱང་གནས་སོ།། ཞེས་བགྱིའོ།། བཅོམ་ལྡན་འདས་ཀྱིས
226b4 བཀའ་བསྐུལ་པ། འཇམ་དཔལ་ཁྱོད་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ། ཅི་ལ་གནས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ། འཇམ་དཔལ
226b5 གྱིས་གསོལ་པ། བཅོམ་ལྡན་འདས་གང་གི་ཚེ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ། མི་གནས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་སྒོམ་པ་ལག་སོ། བཅོ
226b6 ལྡན་འདས་ཀྱིས་བཀའ་བསྲུབ་པ། འཇམ་དཔལ་མི་གནས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་དུ་ཡང་ཅི་ཞིག་ཡོད། འཇམ་དཔལ་གྱིས་གསོལ་པ། བཅོམ
226b7 ལྡན་འདས་གང་ཅི་ཡང་མི་གནས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྐུལ་པ། འཇམ་དཔལ་ཁྱོད་གང་གི་ཚེ།




iiif viewer powered by OpenSeadragon

226a - 227a

Texts on this page

F17 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo