e-texts navigator
Collection
Volume
Page
Wylie

226a1 @#སེམས་ཅན་ཤིན་ཏུ་མི་དམིག་པ་དེའི་ཚེ། སུ་ཞིག་མངོན་པར་རྫོགས་པར་འཚང་རྒྱ། སུ་ལ་ཆོས་སྟོན་པར་བྱ། དེ་ཅིའི་ཕྱིར
226a2 ཞེ་ན། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་ཆོས་ཐམས་ཅད་ཤིན་ཏུ་མི་དམིགས་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས
226a3 བཀའ་བསྩལ་ཏོ།། འཇམ་དཔལ་གང་གི་ཚེ་ཆོས་ཐམས་ཅད་ཤིན་ཏུ་མི་དམིགས་པ་དེའི་ཚེ། ཅི་སེམས་ཅན་དུ་ཡང་འདོགས་སམ། ཡང་བྲལ་ཏེ་འཇམ་དཔལ་ཁྱོད
226a4 ལ་འགའ་ཞིག་སེམས་ཅན་ཇི་སྙེད་ཡོད་ཅེས་དེ་སྐད་འདྲི་ན། དེ་ལ་ཁྱོད་ཀྱིས་ཅི་སྐད་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་སྐད་འདྲི་བ་དེ་ལ་བདག
226a5 གིས་འདི་སྐད་དུ་སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་དེ་སྙེད་དོ་ཞེས་བགྱིའོ།། བཅོམ་ལྡན་འདས་གལ་ཏེ་ཡང་སེམས་ཅན་གྱི་ཁམས་ཀྱི་ཚད་ཅི་ཙམ་ཞེས་འདྲི་ན། དེ་སྐད་འདྲི་བ
226a6 དེ་ལ་བདག་གོས་འདི་སྐད་དུ་སངས་རྒྱས་ཀྱི་ཡུལ་གྱི་ཚད་ཅི་ཙམ་པ་དེ་ཙམ་མོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་བསྔལ་པ། འཇམ་དཔལ་ཁྱོད་ལ་གལ་ཏེ་ཡང
226a7 ལ་ལ་ཞིག་འདི་སྐད་དུ། སེམས་ཅན་གྱི་ཁམས་དག་ཏུ་གཏོགས་ཤེས་འདྲི་ན། དེ་ལ་ཁྱོད་ཀྱིས་ཅི་སྐད་བྱ། འཇམ་དཔལ་གྱིས་གསོལ་ཕྲ། བཅོམ་ལྡན་འདས་དེ་སྐད




iiif viewer powered by OpenSeadragon

225b - 226b

Texts on this page

F17 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo