| e-texts navigator |
| Wylie |
225b1 གལ་ཏེ་སངས་རྒྱས་ཀྱི་ཞིང་རེ་རེ་ན་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་། དེ་བཞིན་གཤེགས་པ་དེ་དག་སོ་སོ་ནས་ཉིན་མཚན་དུ
225b2 ཆོས་སྟོན་ཏེ། གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་བཞུགས་པར་གྱུར་ལ་གླང་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟེན་པ་རེ་རེས། སེམས
225b3 ཅན་ཅི་སྙེད་བཏུལ་བ་དེ་སྙེད་ཀྱི་སེཾས་ཅན་དེ་བཞིན་གཤེགས་པ་རེ་རེས། ཆོས་བསྟན་པ་རེ་རས་བཏུལ་བར་འགྱུར་ཏུ་ཟིན་ཀྱང་སེམས་ཅན་གྱི་ཁམས་ལ་འབྲི་བ་བམ། གང
225b4 བར་མངོན་པར་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དབེན་པ་དང་། སེམས་ཅན་སེམས་ཅན་མ་ཡིན་པའི་ཕྱིར་ཏེ། བཙུན་པ་ཤ་ར་ད་ཏིའི་བུ་སེམས་ཅན་གྱི་ཁམས་ནི་འབྲི་བ
225b5 འམ། གང་བར་མི་མངོན་ནོ།། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་གལ་ཏེ་སེམ
225b6 ཅན་དབེན་པ་དང་། སེམས་ཅན་སེམས་ཅན་མ་ཡིན་པའི་ཕྱིར། སེམས་ཅན་གྱི་ཁམས་འབྲི་བ་དང་། གང་བར་མི་མཐོང་ན། འོ་ན་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས
225b7 ནས་སུ་ལ་ཆོས་སྟོན། དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཤ་ར་ད་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་གང་གི་ཚེ