| e-texts navigator |
| Wylie |
225a1 ན་པཿགཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཁྱེད་ཀྱི་དེ་བཞིན་གཤེགས་པ་ལ་དེ་ལྟར་མཐོང་བ་དང་། དེ་ལྟར་བསྐུ
225a2 བཀུར་བྱས་པ་གང་ཡིན་པ་དང་། ཁྱོད་ཀྱིས་བྱམས་པ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཉེ་བར་གནས་ཀྱང་ཁྱོད་ལ་སེམས་ཅན་དུ་དམིགས་པ་དང་། སེམས་ཅན་དུ་མངོན་པ་ཞན་པ
225a3 བང་མེད་ཅིང་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་ཞུགས་ཀྱང་ཁྱོད་ལ་སེམས་ཅན་དུ་མངོན་པར་ཞེན་པ་གང་ཡང་མི་འབྱུང་བ་དང་། ཁྱོད་མི་དམིགས་པའི་ཚུལ
225a4 དང་། དངོས་པོ་མེད་པའི་ཚུལ་དང་། སྒྱིད་ལུག་པ་མེད་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཆད་དུ་གོ་ཆ་བགོས་པ་དེ་ནི་ཁྱོད་དཀར་བ་བྱེད་པའོ།། དེ་སྐད་ཅེས་སྨྲས་པ་དང་། འཇམ
225a5 དཔལ་གཞོན་ནུར་གྱུར་པས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཇི་སྐད་སྨྲ་བ་དེ་དེ་བཞིན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ
225a6 ངན་པས་བཟླ་བའི་ཕྱིར་གོ་ཆ་འདི་ཡང་བགོས་ཏེ། བདག་ལ་སེམས་ཅན་དུ་དམིགས་པ་འམ། སེམས་ཅན་ལ་མངོན་པར་ཞེན་པ་གང་ཡང་མེད་དོ།། བཙུན་པ་ཤ་ར་ད་ཏིའི་བུ་གོ
225a7 ཆད་ནི་ཅི་ལྟ་བ་བདག་གིས་སེམས་ཅན་གྱི་ཁམས་བྲི་བ་འམ། གང་བར་བྱོ་ཞེས་དེ་ལྟར་མ་བགོས་སོ།། བཙུན་པ་ཤ་ར་དྭ་ཏིའི་བུ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ།