| e-texts navigator |
| Wylie |
224b1 བར་བགྱིའོ།། དེ་བཞིན་ཉིད་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལ་ལྟ་བར་བགྱིའོ།། དེ་བཞིན་ཉིད་ལ་འདས་པ་མ་ལགས། མ་འོངས
224b2 པ་མ་ལགས། ད་ལྟར་བྱང་བ་མ་ལགས་ཏེ། ད་ལྟར་དེ་བཞིན་པ་ལ་བལྟ་བར་བགྱིའོ།། དེ་བཞིན་ཉིད་ནི་གཉིས་ཀྱིས་རབ་ཏུ་དབྱེ་བ་མ་མ་ལགས། གཉིས་སུ་མ་མཆིས་པར་རབ་ཏུ་ཕྱེ་བ
224b3 ཡང་མ་ལགས་ཏེ། དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ།། དེ་བཞིན་ཉིད་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་མ་ལགས། རྣམ་པར་བྱང་བར་འགྱུར་བ་མ་ལགས་ཏེ། དེ་ལྟར
224b4 དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ།། དེ་བཞིན་ཉིད་ནི་མི་སྐྱེ་མི་འགག་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ།། དེ་ལྟར་ན་དེ་བཞིན་གཤེགས་པ་མཐོང་བ་དང་།
224b5 ཕྱག་བགྱིས་པ་དང་བསྙེན་བཀུར་བགྱིས་པར་འགྱུརརོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།།
224b6 འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་བལྟ་ན་ཅི་ཞིག་མཐོང་། འཇབ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་དེ་ལྟར་བལྟས་ན། ཅི་ཡང་མཐོང་བ་མ་མཆིས་སོ།།
224b7 བཅོམ་ལྡན་འདས་དེ་བཞིན་ཉིད་དུ་བདག་གིས་ཆོས་གང་ལ་ཡང་སྐྱེ་བ་ཡང་མ་མཐོང་།། འགག་པ་ཡང་མ་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། འཇམ་དཔལ།