e-texts navigator
Collection
Volume
Page
Wylie

222b1 སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། @རྒྱ་གར་སྐད་དུ།།
222b2 ཨཱརྱ་སབ་ཏ་ཤ་ཏི་ཀ་ནི་ན་པཱ་པྲཛྙཱ་པ་ར་མི་ཏ་ན་མཱ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ།། འཕགས་པ་ཤ་སར་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
222b3 བམ་པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི་དུས་ཅི་ཀ་ན། བཅོམ་ལྡན་འདས་མཉན་ཡོད་ན།
222b4 རྒྱལ་བུ་རྒྱལ་བྱེད་ཀྱི་མཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། བྱང་ཆུབ་སེམས་དཔའ
222b5 ཆེན་པོ་གེ་ཆ་ཆེན་པོ་བགོས་པ་ས་ཡ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་ལ། འདི་ལྟ་སྟེ་འཇམ་དཔལ་གཞོན་ནུར་གྱུར་པ་དང་།། །
222b6 བྱམས་པ་དང་། སྤོབས་པ་ཐོག་མེད་དང་། བརྩོན་པ་མི་འདོར་བ་དང་། དེ་དག་ལ་སོགས་པ། བྱང་ཆུབ་སེམས་དཔའ་ས་ཡ་དང་ཡང་ཐབས་ཅིག་གོ།། དེ་ནས་འཇམ་དཔལ་གཞོ
222b7 ནུར་གྱུར་པ། དེ་བཞིན་གཤེགས་པ་ལ་ལྟ་བ་དང་། ཕྱག་བྱ་བ་དང་བསྙེན་བཀུར་བྱ་བའི་ཕྱིར། སྐྱ་རེང་ཤར་བའི་དུས་ཀྱི་ཚེ་རང་གི་གནས་ནས་བྱུང་སྟེ། དེ་བཞིན་གཤེགས་པའི




iiif viewer powered by OpenSeadragon

222a - 223a

Texts on this page

F16 - 'phags pa shes rab kyi pha rol tu phyin pa lnga brgya pa
F17 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo