| e-texts navigator |
| Wylie |
221b1 བ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ལྟར་རྣམ་པར་ཤེས་པ་ལ་སྨིན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ
221b2 སེམས་དཔས་གཟུགས་ལ་མེད་པའི་དོན་དང་། རྣམ་པར་འཇིག་པའི་དོན་དང་། དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་དོན་དང་། དོན་གསུམ་གྱི་མི་རྟག་པ་ཉིད་ཡོངས་སུ་ཤེས་པར་བྱའོ།།
221b3 རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་ལ་མེད་པའི་དོན་དང་། རྣམ་པར་འཇིག་པའི་དོན་དང་། དྲི་མ་དང་བཅས་པ་དང་། དྲི་མ
221b4 མེད་པའི་དོན་དང་། དོན་གསུམ་གྱིས་མི་རྟག་པ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མངོན་པར་ཞེན་པའི་དོན་དང་། མཚན་རྣམ་པ་གསུམ་གྱི་དོན་དང་།
221b5 འབྲེལ་པའི་དོན་དང་། དོན་གསུམ་གྱི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འད་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས
221b6 བ་ལ་མངོན་པར་ཤེས་པའི་དོན་དང་། མཚན་ཉིད་རྣམ་པ་གསུམ་གྱི་དོན་དང་། འབྲལ་བའི་དོན་དང་། དོན་གསུམ་གྱིས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ
221b7 སེམས་དཔས་གཟུགས་ལ་དངོས་པོ་མེད་ལ། བདག་མེད་པའི་དོན་དང་། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བདག་མེད་པའི་དོན་དང་། དོན་གསུམ་གྱིས་བདག་མེད་པ་ཉིད།།