| e-texts navigator |
| Wylie |
9'b1 དེ་སྙིང་མི་དགའ་ནས་སླར་སྨྲས་པ། ཚངས་པ་ཆེན་པོ་ཟོང་ཤིག་བརྩལ་བ་འདིས་ཅི་ཞིག་བྱ། བྲམ་ཟེ་ནི་ལོག་པར་ལྟ་བ་ཡིན་ལ། བྲམ་ཟེའི་ཁྱིམ་དུ་ཉིང་མཚམས་སྦྱོར་བར་བྱེད
9'b2 པ་ཡང་། དཔེར་ན། མི་འགའ་ཞིག་གསེར་གྱི་སྒྲོག་ལ་ཆགས་པའི་ཕྱིར་རང་གི་རྐང་པ་སྒྲོག་ཏུ་འཇུག་པར་བྱེད་པ་དེ་དང་འདྲའོ།། ད་ལྟར་བྱང་ཆུབ་སེམས་དཔའ་འདོད་པ་ན་སྦེད
9'b3 པའི་ལྷ་དྲུག་ལ་ལན་གསུམ་གྱི་བར་དུ་ཡོངས་སུ་སྦྱང་བ་མཛད་ནས། དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། མཚན་མོ་ནམ་ཕྱེད་ཀྱི་དུས་ཀྱི་ཚེས་སྲུང་གི་བུ་དང་འདྲ་བར་གླང་པོའི
9'b4 ཕྲུ་གུ་དཀར་པོ་ཁ་བའི་མདོག་ཅན་མཆེ་བ་དྲུག་པ་ཡན་ལག་བདུན་ལེགས་པར་གནས་པ་ཅན་དུ་གྱུར་ཏེ། གངས་རིའི་ངོས་དང་ཉེ་བ་ཆུ་བོ་གང་གཱའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གན
9'b5 དང་ཧ་ཅང་མི་རིང་བ་ཞིག་ན། ཤཱཀྱ་རྣམས་འཁོད་པ། དེ་ན་རྒྱལ་པོ་ཟས་གཙང་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཛུད་པ། དེའི་བཙུན་མོ་སྒྱུ་མ་འཕྲུལ་ཆེན་པོ་ཞེས་བྱ་བ་དེའི་ལུས་སུ
9'b6 ཉིང་མཚམས་སྦྱར་བ་བླངས་ནས། ཟླ་བ་བཅུ་ཐམ་པ་འདས་པ་དང་། བལྟམ་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་ཞིང་དེས
9'b7 ཆོས་ཀྱི་མཆོད་སྡེང་སྦེང་བར་འགྱུར། ཆོས་ཀྱི་མཆོད་སྦྱིན་སྦྱིན་པའི་བར་དུ་འགྱུར་བས། བདག་ཀྱང་གནས་འདི་ནས་འཆི་འབོས་ནས། དབང་ཆུང་བར་གྲགས་པའི་ཁྱིམ་དུ
9'b8 ཉིང་མཚམས་སྦྱོར་བ་བླངས་ཏེ་ངེས་པར་བྱུང་ནས་བསྟན་པ་ལ་རབ་ཏུ་བྱུང་སྟེ་བདུད་རྩི་རྟོགས་པར་བྱ་དགོས་ལ། བྲམ་ཟེ་ཕྱུག་པོའི་ཁྱིམ་དུ་སྐྱེས་པ་ནི་བུ་ཅིག་པའི་ཕྱིར་དེ་དག་སུམ
9'b9 ཆོས་ཀྱི་རྔ་འརྡུང་བར་འགྱུར།