| | e-texts navigator
|
225b1 གྱི་འདབ་མ་བཅུ་བཞི་པོ་རྣམས་ལའོ། །དེ་ལ་དང་པོའི་འདབ་མ་ལ་ཉ་རྡོ་རྗེ་མ་དང་གཉིས་པ་ལ་ཉི་རྡོ་རྗེ་མ་དང་དེ་བཞིན་དུ་ཉྡྀ་རྡོ་རྗེ་མ་དང་ཉུ་རྡོ་རྗེ་མ་དང་ཉླྀ་རྡོ་རྗེ་མ་དང་ཉ~ཾ་རྡོ་རྗེ་མ་དང་དེ་བཞིན་དུ་ཛྷ་རྡོ་རྗེ་མ་དང་ཛྷི་རྡོ་རྗེ་མ་དང་ཛྷྼ;ྀ་རྡོ་རྗེ་མ་དང་ཛྷུ་རྡོ་རྗེ་མ་དང་ཛྷླྀ་རྡོ་རྗེ་མ་དང་ཛྷ~ཾ་རྡོ་རྗེ་མ་དང་ཛ་རྡོ་རྗེ
225b2 མ་དང་ཛི་རྡོ་རྗེ་མ་སྟེ་ལྷ་མོ་བཅུ་བཞི་པོ་རྣམས་ནི་བདེན་བྲལ་གྱི་པདྨའི་འདབ་མ་རྣམས་ལའོ། །ཛྼ;ྀ་རྡོ་རྗེ་མ་ནི་མངོན་དུ་ཕྱོགས་པའི་ཤེས་རབ་སྟེ་ཉའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་གཉིས་པའི་ཟླུམ་སྐོར་ལ་ནག་པོའི་ཚེས་གཅིག་ལ་སོགས་པ་སྟེ་དང་པོའི་འདབ་མ་ལ་ཛུ་རྡོ
225b3 རྗེ་མའོ། །དེ་བཞིན་དུ་ཛླྀ་རྡོ་རྗེ་མ་དང་ཛཾ་རྡོ་རྗེ་མ་དང་ཚ་རྡོ་རྗེ་མ་དང་ཚི་རྡོ་རྗེ་མ་དང་ཚྼ;ྀ་རྡོ་རྗེ་མ་དང་ཚུ་རྡོ་རྗེ་མ་དང་ཚླྀ་རྡོ་རྗེ་མ་དང་ཚ~ཾ་རྡོ་རྗེ་མ་དང་ཙ་རྡོ་རྗེ་མ་དང་ཙི་རྡོ་རྗེ་མ་དང་ཙྼ;ྀ་རྡོ་རྗེ་མ་དང་ཙུ་རྡོ་རྗེ་མ་དང་ཙླ་རྡོ་རྗེ་མའོ། །ཙ~ཾ་རྡོ་རྗེ་ནི་གནམ་སྟོང་གི་ས་བོན་ཏེ་འདིར་བསྐྱེད་པའི་རིམ་པས་སོ། །
225b4 ཉཿཞེས་པ་ལུགས་ལས་བཟློག་པས་སྐྱེད་པའི་རིམ་པས་ཏེ་རླུང་གི་འདབ་མ་ལ་ཙཱ་རྡོ་རྗེ་མའོ། །དེ་བཞིན་དུ་སྔགས་ཐམས་ཅད་རྡོ་རྗེའི་མཐའ་ཅན་ཏེ་ཙཱི་ཙྼ;ཱྀ་ཙཱུ་ཙླཱྀ་ཙཿ། ཚཱ་ཚཱི་ཚྼ;ཱྀ་ཚཱུ་ཚླཱྀ་ཚཿ། ཛཱ་ཛཱི་སྟེ་ཛྼ;ཱི་ཉའི་གནས་སུ་སྔར་བཞིན་ནོ། །གཉིས་པའི་ཟླུམ་སྐོར་ལ་ནག་པོའི་ཚེས
225b5 གཅིག་ལ་སོགས་པ་སྟེ་ཛཱུ་ཛླཱྀ་ཛཿཛྷཱ་ཛྷཱྀ་ཛྷྼ;ཱྀ་ཛྷཱུ་ཛྷླཱྀ་ཛྷཿ། ཉཱ་ཉཱི་ཉྼ;ཱྀ་ཉཱུ་ཉླཱྀའོ། །ཉཿཞེས་པ་ནི་གནམ་སྟོང་གི་ས་བོན་ཏེ་རླུང་གི་ལྟེ་བ་ལའོ། །དེ་བཞིན་དུ་སྣརོན་གྱི་ཟླ་བ་དང་ཆུ་སྟོད་ཀྱི་ཟླ་བ་དག་ལ་ཊ་སྡེའོ། །གྲོ་བཞིན་གྱི་ཟླ་བ་དང་ཁྲུམས་སྟོད་ཀྱི་ཟླ་བ་དག་ལ་པ་སྡེའོ། །ཐ་སྐར་གྱི་ཟླ་བ་དང
225b6 སྨིན་དྲུག་གི་ཟླ་བ་དག་ལ་ཏ་སྡེའོ། །མགོའི་ཟླ་བ་དང་རྒྱལ་གྱི་ཟླ་བ་དག་ལ་ས་སྡེའོ། །མཆུའི་ཟླ་བ་དང་དབོའི་ཟླ་བདག་ལ་ཀ་སྡེའོ། །དེ་ལྟར་ལོའི་ཚེས་ཀྱི་ལྷ་རྣམས་ཀྱི་ས་བོན་གྱི་ངེས་པའོ། །ད་ནི་དེ་ཉིད་ལ་གནས་ཧ་ཡིག་ཅེས་པ་ལ་སོགས་པས་ཀླུའི་རྒྱལ་པོ་རྣམས
225b7 ཀྱི་ས་བོན་གསུངས་པ་འདིར་དེ་ཉིད་ནི་ཡ་ར་ལ་ཝ་སྟེ་དེ་རྣམས་ལ་གནས་པ་ནི་དེ་ཉིད་ལ་གནས་པའོ། །རླུང་གི་དཀྱིལ་འཁོར་ལ་སྟོབས་ཀྱི་རྒྱུ་དང་པདྨ་དག་གི་ཧྻ་ཧྻཱའོ། །སའི་དཀྱིལ་འཁོར་ལ་འཇོག་པོ་དང་པདྨ་ཆེན་པོ་དག་གི་གྲངས་བཞིན་དུ་ཧཱ་ཧླཱའོ། །མེའི་དཀྱིལ
iiif viewer powered by OpenSeadragon
225a - 226a