| | e-texts navigator
|
224b1 ཤར་གྱི་བུམ་པ་དག་ལ་ཧི་ཧཱི་དང་ལྷོའི་བུམ་བདག་ལ་ཧྼ;ྀ་ཧྼ;ཱྀ་དང་བྱང་གི་བུམ་པ་དག་ལ་ཧུ་ཧཱུ་དང་ནུབ་ཀྱི་བུམ་པ་དག་ལ་ཧླྀ་ཧླཱྀ་སྟེ་རླུང་ལ་སོགས་པའི་དབྱེ་བའོ། །དེ་བཞིན་དུ་ཨོ~ཾ་ཡིག་ནི་ཆོས་ཀྱི་དུང་དང་ཧུ~ཾ་ནི་ཡིད་བཞིན་གྱི་ནོར་བུ་དང་ཧ་ནི་དཔག་བསམ་གྱི་ཤིང་དང་ཨཱཿནི་ཆོས་ཀྱི་གཎྜཱི་སྟེ་ཐུགས་ཀྱི་དཀྱིལ
224b2 འཁོར་གྱི་ལྷའི་ས་བོན་གྱི་ཡི་གེའོ། །ད་ནི་གསུང་གི་དཀྱིལ་འཁོར་ལ་ཙ་རྩི་ཀཱ་ལ་སོགས་པའི་ས་བོན་གྱི་ཡི་གེ་རྣམས་གསུངས་ཏེ་ཧ་ཡིག་ནི་ཙཱ་མུཎྜཱ་འོ། ཧ~ཾ་ནི་དབང་ཕྱུག་ཆེན་མོ་དང་ཧཿནི་ཕག་མོ་དང་ཧཱ་ནི་དབང་མོ་དང་ཀྵ་ནི་ཁྱབ་འཇུག་མ་དང་ཀྵཱ་ནི་ཚངས་མ་དང་ཀྵ~ཾ་ནི་དཔལ་ཆེན་མོ
224b3 དང་ཀྵཿནི་གཞོན་ནུ་མ་སྟེ་གཙོ་མོ་རྣམས་ཀྱི་ས་བོན་ནོ། །དེ་བཞིན་དུ་འདབ་མའི་ལྷ་མོ་རྣམས་ཀྱི་ནི་རིམ་པ་བཞིན་དུ་ཤར་ལ་སོགས་པ་ཕྱོགས་བརྒྱད་ཀྱི་རྒྱབ་ཀྱི་པདྨའི་འདབ་མ་རྣམས་ལ་ཧཱི་ཧྼ;ཱྀ་ཧཱུ་ཧླཱྀ་ཀྵཱི་ཀྵྼ;ཱྀ་ཀྵཱུ་ཀྵླཱྀའོ། །ཐུང་ངུའི་དབྱངས་རྣམས་མདུན་དུའོ་ཞེས་པ་འདབ་མ་བརྒྱད་པོ་རྣམས་ལ་ཏི
224b4 ཧྼ;ྀ་ཧུ་ཧླྀ་ཀྵི་ཀྵྼ;ྀ་ཀྵཱུ་ཀྵླྀ་ཞེས་པ་སྟེ་ཤར་གྱི་པདྨའི་འདབ་མ་དག་དང་ལྷོའི་དག་དང་བྱང་གི་དག་དང་ནུབ་ཀྱི་དག་དང་མེའི་དག་དང་བདེན་བྲལ་གྱི་དག་དང་དབང་ལྡན་གྱི་དག་དང་རླུང་གི་དག་ལའོ། །ལྷག་མའི་འདབ་མ་དྲུག་པོ་རྣམས་ལ་ནི་འདབ་མ་དྲུག་ལ་ཡ་སོགས་དབྱངས་དྲུག་གིས་ཕྱེ་ཐུང་ངུ་རིང
224b5 བོ་རྣམས་ནི་རིམ་པར་ཡོངས་བཀོད་པ་ཞེས་པ་སྟེ་ཕྱོགས་དང་ཕྱོགས་བྲལ་གྱི་པདྨའི་འདབ་མ་རྣམས་ལའོ། །དེ་ལ་ཙཱ་མུཎྜཱའི་པདྨའི་འདབ་མ་ལ་མདུན་དུ་ཧི་ཡིག་སྔར་བཀོད་པ་སྟེ་དེ་ནས་གཡས་སྐོར་གྱིས་འདབ་མ་གཉིས་པ་ལ་ཡ་དང་གསུམ་པ་ལ་ཡི་དང་བཞི་པ་ལ་ཡྼ;ྀ་དང་ལྔ་པ་ལ་སྔར་བཀོད
224b6 པའི་ཧཱི་དང་དྲུག་པ་ལ་ཡུ་དང་བདུན་པ་ལ་ཡླྀ་དང་བརྒྱད་པ་ལ་ཡ~ཾ་ངོ་། །དེ་བཞིན་དུ་ཁྱབ་འཇུག་མའི་ཀྵི་ཡཱ་ཡཱི་ཡྼ;ཱྀ་ཀྵཱི་ཡཱུ་ཡླཱྀ་ཡཿའོ། །དེ་བཞིན་དུ་ཕག་མོའི་མདུན་གྱི་འདབ་མ་ལ་ཧྼ;ྀ་སྟེ་དེ་ནས་ར་རྀ་རྼ;ྀ་ཧྼ;ཱྀ་རུ་རླྀ་རཾ་ངོ་། །གཞོན་ནུ་མའི་ཀྵྼ;ྀ་རཱ་རཱི་ཪྼ;ཱྀ་ཀྵྼ;ཱྀ་རཱུ་རླཱྀ་རཿའོ། །དྲག་མོའི་ཧུ་ཝ་ཝི་ཝྼ;ཾ་ཧུ་ཝུ་ཝླྀ
224b7 ཝ~ཾ་ངོ་། །དེ་བཞིན་དུ་དཔལ་ཆེན་མོའི་ཀྵུ་ཝཱ་ཝཱི་ཝྼ;ཱྀ་ཀྵཱུ་ཝཱུ་ཝླཱྀ་ཝཿའོ། །དབང་མོའི་ཧྻྀ་ལ་ལྀ་ལྼ;ྀ་ཧླཱཾ་ལུ་ལླྀ་ལ~ཾ་ངོ་། །ཚངས་མའི་ཀྵླྀ་ལཱ་ལཱི་ལྼ;ཱྀ་ཀྵླཱྀ་ལཱུ་ལླཱྀ་ལཿའོ། །དེ་ལྟར་ཧི་ཀྵི་ལ་སོགས་ལ་མཐའ་ཐམས་ཅད་ནོར་ནི་གདེངས་ཅན་གྱིས་བསྒྱུར་ཞེས་པ་བརྒྱད་ལ་བརྒྱད་ཀྱིས་བསྒྱུར་བ་འཇིགས་མ
iiif viewer powered by OpenSeadragon
224a - 225a