| | e-texts navigator
|
59b1 མན་ངག་གི་སྙིང་པོ་དང་བཅས་པ་དེ་ལ་ཤིན་ཏུ་རྔམ་པའི་མདངས་ཀྱིས་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། །ཧཱུ~ཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཚེ་བ་ཟད་ཡག་ཟ་བྱེད་ཆེ། །
59b2 ཧོ། ཧཱུ~ཾ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཏུག་ཆེམ་རི་རབ་འབུམ་རྙིལ་སྐད། ། ལ་ལ་ཡི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ། ཧོ། ཧཱུ~ཾ་ཁྲོ་བོའི་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་དུ་གསལ། །འབར་བའི་ཡེ་ཤེས་ཀུན་དུ
59b3 འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ། ཧོ། ཧཱུ~ཾ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ། ཧོ། ཧཱུ~ཾ་བདུད་རྣམས་ཀུན་གྱི་བདུད་ཆེན་པོ། །
59b4 བདུད་ཀྱི་བདུད་སྟེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་བདལ་བ་ཆེ། །ཧཱུ~ཾ་རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ། ཧོ། ཧཱུ~ཾ་སྟོང་གསུམ་ཁྲོ་བོའི་དཀྱིལ
59b5 འཁོར་ཚོགས། །འཇིགས་བྱེད་མཚོན་དུ་མེད་པའི་སྐུ། །སྣ་ཚོགས་གསུང་དང་སྣ་ཚོགས་ཐུགས། །འཇིགས་བྱེད་རྔམ་པའི་ཡེ་ཤེས་གཏེར། །ཧོ་ཞེས་བླངས་པས་སྟོང་གསུམ་གྱི་དེ་བཞིན་གཤེགས་པའི་འཇིགས་བྱེད་ཆེན་པོ་རྣམས་དབྱེར་མེད་པས་མཉེས
59b6 པར་གྱུར་ཏོ། །སྒྱུ་འཕྲུལ་དྲ་བ་བླ་མ་ཆེན་པོ་ལས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ཡོངས་སུ་མཉེས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།རྡོ་རྗེ་སེམས་དཔས་གསུངས་པའི་དོན། །གསང་བ་ཀུན་གྱི་བླ་མ་སྟེ། །སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་ཡིན། །ངེས་དོན་ཆོས
59b7 ཀྱི་སྙིང་པོ་ལས། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །སྒྱུ་འཕྲུལ་དྲ་བ་ལས་འཕྲོས་ཏེ། །སྡེ་སྣོད་ཀུན་དང་རྒྱུད་ཀུན་ཡང་། །འབྱུང་ནས་གཏན་ལ་ངེས་པར་འབེབས། །འགྲོ་དྲུག་སེམས
iiif viewer powered by OpenSeadragon
59a - 60a