| | e-texts navigator
|
60b1 སྤྱད་པར་བྱ་རྒྱུ་ལས། །འདོད་ལོག་རྒྱ་མཚོ་མ་ངོམས་ཏེ། །ཐ་ཚིག་དྲག་པོ་ཡལ་འགྱུར་ནས། །ཕོ་བྲང་པདྨའི་ལིངྒའི་དཀྱིལ། །པདྨོ་འབར་བའི་དབུས་གནས་པར། །ོ~ཾ་གྱི་རང་བཞིན་འོད་གསལ་འབར། །གསལ་འཕྲོ་འཁྲུག་པར་གྱུར་པ་ན། །ཕཊ་ཀྱིས་དྲག་ཏུ་བརྡབས
60b2 པ་ལས། །འོད་འདྲིལ་པདྨོའི་མཚོན་ཆ་ལས། །འདོད་ཆགས་རྒྱ་མཚོ་བསྐམས་གྱུར་ནས། །པདྨ་ཆོས་ཀྱི་ཡེ་ཤེས་འབར། །དེ་ལྟར་གསལ་བར་གྱུར་པ་ན། །རྣལ་འབྱོར་ཅན་གྱིས་ཚིག་འདི་བརྗོད། །ེ་མའོ་པདྨོའི་ཐ་ཚིག་ལས། །པདྨའི་ཡེ་ཤེས་འོད་འབར་བས། །དོན
60b3 དུ་མི་གཏོང་གཞི་བསྐྱེད་དེ། །གསུང་མཆོག་གདུང་ཆེན་རྒྱུད་མཉམ་ནས། །ཇི་ལྟར་པད་སྟོང་ཚེར་མ་ལྟར། །རྒྱུ་ལས་གྱུར་པའི་རང་བཞིན་གྱིས། །པདྨོའི་ཡེ་ཤེས་ནུབ་མ་ཁད། །འདུ་ཤེས་ཕུང་པོའི་ཞིང་ཁམས་སུ། །རྟོགས་པའི་ཆོས་ཉིད་འོད་འཕྲོས་པས། །གཉེན་པོས
60b4 འཇོམས་པའི་ཐབས་ཆེན་ལས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །གསང་བ་དོན་གྱི་རྫས་མཆོག་འདིས། །གསུང་མཆོག་བསྐལ་པའི་ཐུགས་དམ་རྣམས། །སྐོངས་གྱུར་བསམ་པའི་དོན་དུ་སྦྱང་། །ོ~ཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་ས་མ་ཡ་ཧོ། །དེ་སྐད་ཚིག་ཏུ་བརྗོད
60b5 ནས་ཀྱང་། །ལྕེ་ཡི་བརྡ་ཡི་ཚུལ་ཕྱག་སྦྱར། །ཕྲག་དོག་རིགས་ཀྱི་དམ་ཚིག་ལས། །རྟོགས་ནས་སྤྱད་པར་བྱ་རྒྱུ་ལས། །ཕྲག་དོག་ལོག་བཟུང་དབང་གིས་ན། །ཐ་ཚིག་དྲག་པོ་ཡལ་འགྱུར་བ། །ཕོ་བྲང་གསང་བའི་ལིངྒའི་དཀྱིལ། །རྡོ་རྗེ་རལ་གྲི་དབུས་གནས་པར། །ཧ
60b6 ཡི་རང་བཞིན་འོད་གསལ་འབར། །གསལ་འཕྲོ་འཁྲུག་པར་གྱུར་པ་ན། །ཕཊ་ཀྱིས་དྲག་ཏུ་བརྡབས་པ་ལས། །འོད་འདྲིལ་རྡོ་རྗེའི་རལ་གྲི་ཡིས། །ཕྲག་དོག་མཚོན་ཆ་གསིབས་གྱུར་ནས། །རྡོ་རྗེ་རལ་གྲི་ཡེ་ཤེས་འབར། །དེ་ལྟར་གསལ་བར་གྱུར་བ་ན། །རྣལ་འབྱོར
60b7 ཅན་གྱིས་ཚིག་འདི་བརྗོད། །ེ་མའོ་ཕྲིན་ལས་ཐ་ཚིག་ལས། །རྡོ་རྗེ་རལ་གྲི་འོད་འབར་བས། །དོན་དུ་མི་གཏོང་གཞི་བསྐྱེད་དེ། །ཕྲིན་ལས་གདུང་ཆེན་རྒྱུད་མཉམ་ལས། །ཇི་ལྟར་ཉི་གསལ་སྤྲིན་བསྒྲིབས་ལྟར། །རྒྱུ་ལས་གྱུར་པའི་རང་བཞིན་གྱིས། །རྡོ་རྗེ་འོད་ཆེན
iiif viewer powered by OpenSeadragon
60a - 61a